| | e-texts navigator
|
16b1 ཆེན་པོ་དཔལ་གྱི་རང་བཞིན་འབྱུང་།། མི་བརྩལ་བཞམ་ལ་བསྟན་མེད་སྨོན་ལམ་ཐལ།། ཁམས་གསུམ་གང་མ་སྤྱོད་པ་མིང་ཙམ་མེད།། མི་གནས་སྤྲུལ་བ་སྒྱུ་སྐར་སྣང་བ་སྟེ།། རྣལ་འབྱོར་དུས་ལས་ལྟོས་པ་འབྱུང་མི་འགྱུར།། ཁས་མུན་རྫ
16b2 ནམ་མཁའ་དང་མཉམ་རྒྱུད་ལས།། དུས་གསུམ་གསུམ་རྒྱན་དང་བྲལ་བའི་ལེའུ་སྟེ། ཉེར་གཉིས་པའོ།། །། ཅིར་ཡང་མི་གཟུང་ན་མཁའ་མཐའ་དང་མཉམ།། ཆ་ཊ་དང་འདས་པས་འཛིན
16b3 མེད་གཏོར་མར་བཤད།། གང་གིས་གང་ལ་དངོས་པས་འཁྲུལ་པ་འི་ནད།། སྤྲོས་པའི་བྱ་བ་མེད་པས་ལས་རྣམས་འགྲུབ།། དཀྱིལ་འཁོར་རིམ་པར་གསལ་ཞིང་ལས་རྣམས་བྱེད།། ན་མཁའི་ཁང་ཁ་ལྟ་བུར་སྟོན་དང་བྲལ།། ལས་ཀྱི་རང
16b4 བཞིན་ཡེ་ནས་ན་མཁར་གསལ།། ན་མཁའི་ལས་ལ་མི་སྒོམ་ན་མཁའ་མེད།། ན་མཁའི་དོན་དང་ལྡན་པས་ན་མཁའ་ཆེ།། ཆེའོ་དོན་ལྡན་འབྲས་བུ་ལྷུན་གྱིས་གྲུབ།། དེ་ལས་མ་ཉམས་འབྲས་བུ་ཡིས་ས།། མི་རྟོག་རྟོག་པ་མེད་པས་བགེ་མ་དང་བྲལ།
16b5 གཟུང་འཛིན་མཐའ་ལས་མཉམ་ཉིད་ཅང་མི་གསུང་།། ཟབ་མོ་བརྗོད་པ་སྔཊ་ཀྱི་ཚིག། བརྩལ་བའི་ལས་དང་བྲལ་བས་ལས་འགྲུབ།། ས་དྱས་གཞན་དུ་འདོད་མི་བྱ།། རིག་པ་ནང་དུ་ལསམ་པས་མཆོག་སྦྱིན་བྱ།། འཛིན་པའི་སྟོབས
16b6 ཆེན་བསོད་ནམས་འདི་ཀྱང་།། འཛིན་མེད་མི་གཡོ་སྟོབས་ཀྱིས་མ་ཟིན་ན།། བསོད་ནམས་བྱས་ཀྱང་བདེ་བ་རྣམ་པར་ཉམས།། རྩོལ་ལ་བྱས་ན་འཆིང་བ་ཆེན་པོར་འགྱུར།། མ་བཅོས་ལུང་ནི་དེ་ཉིད་དག་པ་ལས།། དེ་ལས་རྩལ
iiif viewer powered by OpenSeadragon
16a - 17a