| | e-texts navigator
|
15b1 ཆུད་ལས་མཉམ་ཉིད་རྣམ་པར་རོལ།། ཅི་ཡང་བསྐྱོད་པ་མེད་པས་ན་མཁའི་མཐའ་དང་མཉམ།། བླ་དགས་མིང་དུ་མཐོང་བས་ཅི་ཡང་མཚུང།། ཀུན་ཏུ་བཟང་པོའི་བདེ་བ་མཚུངས་པས་ལེན།། ཁྱད་པར་ལས་ཀྱི་ཆོས་ནི་རྣམ་པར་དག།
15b2 གང་ཞིག་དེའི་དབང་གྱུར་རང་ཞིན་མེད།། བྱང་ཆུབ་སེམས་ཀྱི་རྒྱུ་ཉིད་རྡོ་རྗེ་རྐྱེན།། མ་སྐྱེས་འཛིན་པ་མེད་པས་བྱང་ཆུབ་ལམ།། ཁས་མུན་ཛ་ན་མཁའ་དང་མཉམ་པའི་རྒྱུད་ལས།། ཀུན་ཏུ་བཟང་པོའི་རྒྱུ་ཉིད་ལས་སུ་མ་གྲུབ་པར་བསྟན།།
15b3 བའི་ལེའུ་སྟེ། ཉི་ཤུ་པའོ།། ། འདོད་ཆགས་ལ་སོགས་ཞོན་པའི་དབྱིངས་ཀྱིས་བརྒྱན།། འདོད་ཆགས་ཞེས་སྡང་མྱེད་ཀུན་བཟང་བརྒྱན།། ཚོ་བའི་སྙོན་ཡེ་ནས་སྐུ་གསུང་ཐུགས།། དམིགས་སུ་མེད་པའི་འཕེས་ཤེས
15b4 བྱང་ཆུབ་ལམ།། ད་ནི་ཌ་མེད་གཏི་མུག་ཆེན་པོ་རང་ལས་བྱུང་།། གང་ཡང་མི་འགོག་དམིན་པ་ན་མཁའ་འདྲ།། འཁོར་གསུམ་ཡོངསུ་རྫོཊ་བས་ཆོས་ཉིད་རྒྱ།། སྐྱེ་མེད་ན་མཁའ་ལྟ་བུར་རྟོག་པ་བྲལ།། དེ་ཉིད་ཡུལ་ལས་འདས་པས་ཅིར་མི་འགྱུར།།
15b5 ཅིར་ཡང་མི་ཆཊ་དངོས་མེད་ན་མཁའ་འདྲ།། གར་ཡང་བསྡེ་བ་མེད་པས་རང་དོན་འབྱུང་།། ད་མི་ཌ་པའི་ཡུལ་དང་བྲལ་ཁས་མཉམ་ཉིད་སྐུ།། སྣང་བ་མི་འགོག་ཟླ་བའི་གཟུན་དང་འདྲ།། རང་བཞི་མ་དམིགསུ་མེད་ལས་ཀུམ་ཏུ་བདལ།།
15b6 སྒྱུའི་རོལ་པ་མ་འགགས་ཆུབ་པར་གནས།། ཛད་སྒྱུ་མའི་སྤྱོད་པས་དམིར་མེད་དག། བགག་བསྒྲུབ་བྲལ་བས་རོལ་པ་ན་མཁའ་འདྲ།། ཟུང་ངུའི་སྒྲ་ཡིས་དེ་མཚོམ་རྟག་ཏུ་བསྟན།། ཐུགས་རྗེའི་མཛད་པ་མི་གཏོང་འགྱུར་དང་བྲལ།།
iiif viewer powered by OpenSeadragon
15a - 16a