e-texts navigator
Collection
Volume
Page
Wylie

15a1 རིག་པ་མཚོམ་པ་མེད། བརྗོད་དང་བྲལ།། དག་དང་མ་དག་རིག་པའི་ངང་དུ་མཚུངས།། དབྱེ་བ་མེད་པའི་ཡིས་གཏི་མུག་དང་།། རིག་པ་ཐོག་པ་མེད་པ་བསམ་དང་བྲལ།། དྷུ་ཊ་ཤི་བགཡོ་འག་པའི་མཁའ་ལ
15a2 འཁྱིལ། ཅི་ཡང་མཐོང་བ་མེད་པ་མངོན་དུ་གསལ།། མ་རྩལ་ཕྱིམ་པས་ཐཾད་མཁྱེན་པའི་སྐུ།། རིག་པ་མཐའ་དང་མཉམ་པས་ཀུན་ཏུ་བདལ།། སྤོང་ལམ་འཛིམ་དང་བྲལ་བས་མཉམ་པའི་རྒྱན།། ཁས་མུན་ཛ་ན་མཁའ་མཉམ་པའི་རྒྱུད་ལས།།
15a3 ཆོས་ཛད་སྤྲོས་པ་དང་བྲལ་བར་བསྟན་པའི་ལེའུ་སྟེ། བཅུ་དགུ་པའོ།། ། འདུས་མ་བྱས་པའི་ཁྱབ་པ་རྡོ་རྗེ་ཆེ།། མི་བས་མངོན་ལ་དགོངས་པའི་ཆེ་བ་ལྔ།། མ་འདྲེས་ཡོངསུ་རློན་པའི་ཀུན་ཏུ་བཟང་།། མི་གནས
15a4 གྱ་དང་བྲལ་བས་ཆོས་ཀྱི་དབྱིངས།། མི་གནས་བརྩལ་དང་བྲལ་བས་རྣམ་དག་ལམ།། ཡེ་ནས་དག་པའི་རང་བཞིན་ཀུན་གྲོལ་བའོ།། མི་གཟུང་མཐའ་ལས་འདས་པས་ཅིར་མི་དགོངས།། ཅིར་ཡང་མི་སྐྱེ་མི་འགག་བྱ་བ་སྤངས།། ཚད་མེད
15a5 བཞིའི་ཆོས་ཉིད་ཅིང་མི་མཛད།། ཆེས་ཉིད་ཆེ་བས་ཐཾད་ཟབ་མོའི་ཞིང་།། མྱང་ངན་འདས་པའི་སྙིང་པོ་མཉམ་ཉིད་ཞིང་།། བཏགས་པའི་ཆོས་དང་བྲལ་བ་བསྔགས་པ་མེད།། བྱ་བའི་ཡུལ་ལས་འདས་པས་དོན་མི་བསྐྱོད།། རྣལ་འབྱོར་ཆེན
15a6 པོ་གྲོལ་ནས་གྲོལ་བའི་ལམ།། མཐའ་དང་བྲལ་བས་བཅོམ་ལྡན་འབྱུང་བ་ཆེ།། ཕྱིན་ཅི་ལོག་ཏུ་བཏར་པར་རང་ཉིད་གྲོལ།། གྲོལ་བ་ཀུན་གྱི་ལམ་ཆེན་ནདི་མཚུངས།། འགྲོ་བའི་སྡུག་བསྔལ་བསླད་ལ་བྱང་ཆུབ་སེམས།། ཀུན་ཏུ




iiif viewer powered by OpenSeadragon

14b - 15b

Texts on this page

Gbr004.26 - thag ring du 'gro ba nam mkha'i mtha' dang mnyam pa'i rgyud