| | e-texts navigator
|
14b1 ནས་གྲུབ།། ཀུན་གྱི་གཞིར་གྱུར་ཁྱབ་པའི་སྙིང་པོ་ཉིད།། ཡེ་ནས་རྣམ་གྲོལ་གཟུང་འཛིན་ཡུལ་དང་བྲལ།། དེ་དང་རྣམ་པ་དེའི་དབང་མ་འགྱུར།། འགྱུར་མེད་གཡུ་དྲང་ཡེ་ནས་གྲོལ་བའི་ལམ།། བརྩལ་བ་མེད་པའི་སྡུག་བསྔལ་ནད་རྣམས
14b2 འཇོམས་བདེ་བ་ཆེན་པོ་ན་མཁའི་མཐའ་བཞིན་གནས།། ཐིག་ལེར་གདོད་ནས་དག་པས་ཀུན་ལ་ཁྱབ།། སྤྲོ་ཞིང་བསྡུ་བ་མེད་ཁས་དག་པའི་ངང་།། རིག་པ་མཁའ་ལྟར་དག་ལས་གསལ་ཁས་དག་པ་ཆེ།། ས་བོམ་མེད་ཅིང་སྐྱེ་བའི་རྒྱུ་ཡང་མེད།། རྐྱེམ་གྱི་དང
14b3 དུ་མི་འགྱུར་ག་ཡུ་དྲུང་སྐུ།། མཚམ་མའི་ཡུལ་ལ་མི་གནས་ཁས་མ་ལས་འདས།། མི་རྟོག་རྩལ་དང་བྲལ་བས་ས་བྱས་ས།། བགྲོད་པ་མེད་པའི་རིག་པ་ཆོས་ཞིང་མཁའ།། མི་གནས་མཉམ་པའི་རླུང་དུ་རིག་པ་འཆར།། སྤྲོས་པའི་ཡུལ་ལ་སཱ་འདས
14b4 པས་མཐའ་དབུས་ཁྲལ།། མཐའ་གཉིས་མྱ་ངན་འདས་པས་བདེ་ཆེན་སྐུ།། ཆོས་ལ་ཆོས་ཀྱིས་སྟོན་པ་སྒྲོལ་མའ་བསྔགས།། གསལ་བར་གྱུར་པས་རྡུལ་ཁྲལ་འཇམ་པའི་ངང་།། དོན་དང་ལྡན་པས་འཇམ་དཔལ་གཞོན་ཉིད།། བདེ་སྐྱིད་ཆོས
14b5 རྣམས་མ་ལུས་ལམ་ལ་སོགས།། རྒྱ་མཚོ་ལྟ་བུར་བཞིར་གྱུར་འཕེལ་འགྲིབ་མེད།། མྲ་སྦྱང་རྣམ་པར་གྲེལོ་བས་རྫོཊ་པའི་ལམ།། ཕྲ་བར་རྡུལ་གྱི་རང་བཞིན་བརྟན་པར་དཀའ་མི་གནས་དེ་མིཊ་དང་བྲལ་བས་བས་མ་ལས་འདས།།
14b6 བསྟན་ཅིང་རྟག་པར་དཀའ་བས་བརྗོད་ལས་འདས།། མངོན་གྱི་དྲང་སྲོང་གྲུབ་པའི་ལམ་དུ་འཇུག། རིག་པ་ཉམས་ཀྱི་ཚོར་བསྒོམ་ཆན་ན།། རྩོལ་བའི་ནད་ཀྱིས་ཟིམ་པ་འཁྲུལ་པའི་ནང་།། མེད་ལ་སྤྱོད་པར་བྱེད་པ་མིག་སྒྱུ་འདྲ།། སོས་ཉིད
iiif viewer powered by OpenSeadragon
14a - 15a