| | e-texts navigator
|
7a1 པའི་གའུ་ནས། འོད་གསལ་ཆན་པ་མེད་པར་སྣང་ཞིང་། རྒཊ་པ་མེད་པར་འདུས་པའོ།། དྲན་པ་དང་རིག་པ་ཅིར་གསལ་ཐཾ་ད། མ་བཀོད་བཞིན་དུ་རིག་པ་རྒྱུ་ཡིན་པའོ།། རིག་པ་ལྷུན་གྱིས་གྲུབ
7a2 པའི་ཆོས་ཉིད་ལ་ནཱི། གང་དུ་བསམ་ཞིང་བརྟཌ་པ་ལས་འདས་པའོ།། དེ་ཉིད་ཀྱི་སྤྱོད་ཡུལ་ནི། དེ་ཉིད་མུ་སྱེ་ཊ་ནཱས་གསང་བ་ཆེན་པོ་མན་དུ་རང་ཤཱ་ར་བའོ།། གསང་བ་ཆེན་པོའི་སྒྲ་སྐད་ཇི་སྙེད་པརགྲཊ་པ་ཡང་། གས
7a3 བ་ཆེན་པོའི་ལམ་ཡིན་ཏེ། གང་དུ་ཡང་རང་ལས་གཞན་དུ་ཐོསུ་མེད་པ་ཉིད་དོ།། རང་གི་རིག་པ་ཉིད་གསང་བ་ཆོས་ཀྱི་སྐུར་ངོ་མཉམ་པ་ནི་ཀུན་གྱིས་མ་རིག་པའོ།། སེཾ་ས་ཉིད་ཀུན་ལ་ཁྱབ་ཅིང་ཆོས་སྐུར་རང་གསལ་བ་ན་མཁའ
7a4 དང་ཉི་མ་ལྟ་བུའོ།། ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལ་རང་བྱུང་ཡིས་ཀྱི་སྐུ་ལྔ་རྫོ་ཊ་པཱ་ནི། རིག་པ་ཉིད་ཀྱི་སྣང་གཞི་མི་འགོག་པའོ།། སྣང་སྲིད་འབྱུང་བ་ལྔར་ཤར་བ་ཡང་རང་བྱུང་ཡིས་ཆེ་བའི་ཡོན་ཏནོ།། འབྱུང་བ་ཐཾད་ཀྱི
7a5 སྙིང་པོ་འམ་བཅུད་དུ་གྱུར་པ་ནཱི། སེཾ་ས་ཉིད་དག་པ་ཆེན་པོའི་དགོངས་པ་ཉིད་དོ།། སྙིང་པོ་དེ་ཉིད་ཤིན་ཏུ་བཙལ་དཀའ་བའི་དོན་ཉིད་ཡིན་ཏེ། གཞན་ནས་མི་རྙེད་པའོ།། གང་ཞིག་དང་དུ་བླང་ཞེས་ཀྱང་འབྱུང་སྟེ་རང་ཉིད་ཡིན
7a6 པསོ།། སྐྱེས་གནས་བཞི་པའི་ཡུལ་དང་རྒྱུད་ལྔར་འཁོར་བའི་སེམས་ཅན་ཐཾད་ཀྱང་། འཛིན་པར་རང་གི་རླུང་ལོག་པ་ལས་སྣང་བའོ།། འཛིན་པའི་ཇིམ་ཉིད་ཀྱིས་ཀ་ནས་དག་པའོ།། འཇིག་རྟེན་གྱི་ཁཾས་ན་ཡང་དག་པར་རྫོན་པའི
iiif viewer powered by OpenSeadragon
6b - 7b