| | e-texts navigator
|
6a1 རྒྱ་ཆེ་བའི་སྟོང་གསུཾ་ཐ~ཾད་ཀྱང་། ཕྱོཊ་མེད་རིག་པའི་ཡིས་རང་ཤར་བའོ།། སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐ་དཾ། རིག་པ་རང་བྱུང་གི་ཡིས་ཀྱི་མཐུ་ལས་གྱུར་པའོ།། རིག་པ་འགྱུར་མེད་ཀྱི
6a2 ཤེས་པ་རླུང་གིས་བསྐྱོད་ཅིང་རང་སྣང་བ་ནི་གང་དུ་ཡང་འཆར་ཏེ། ཇི་སྲིད་འཁོར་བའི་ཆོས་དང་། མྱ་ངན་ལསྲ་འདས་པའི་ཞིང་དུ་ཡང་འཆར་དུ་རུང་བ་ནི་རྩལ་ཉིད་དོ།། རིག་པ་ཉིད་ཆོས་ཐ~ཾད་ལ་དབྱེ་གས་ལ་མི་བྱེད་པ
6a3 ནི། ཡོངསུ་རྫོགས་པའི་ཆོས་ཉིད་དོ།། རང་བཞིན་ཅིག་པ་ལས་མ་གཡོས་པར་རང་སྣང་ཅིར་ཡང་འགྱུར་བའི་སངས་རྒྱས་ཉིད་ཀྱི་སྤྲུལ་པའོ།། རིག་པ་ཉིད་ཅིར་ཡང་འཆར་ལ་མི་འགག་པ་ལ་སྐྱོ་བ་མེད་པའི་རྒྱས
6a4 ཐེབས་པ་ནི་མི་སྐྱེ་བ་ལ་མ་འགྲག་པའོ།། སྣ་ཚོགསུ་སྣང་བྲ་ཡང་རིག་པའི་ཆོ་འཕྲུལ་ལ། བྱང་ཆུབ་སེ་སཾ་ལས་གཞན་དུ་སྐྱེས་པ་མེདདོ།། སྣང་བ་ཐཾད་ཡེ་ནས་སངས་རྒྱས་པ་ཡང་རིག་པ་རང་གི་སྟོབས་ཀྱིས
6a5 དབྱིངསུ་ཤར་བའོ།། ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལ་ནི། སྣང་རྟ་ཊ་གང་དུ་ཡང་མ་ཕྱེ་བར་གསལ་ལ་དབྱེར་མི་ཕྱེདྲོ་པའོ།། ཆོས་ཉིད་བདེ་བ་ཆེན་པོ་བསེ་རྟོག་དང་བྲལ་བ་ཅིར་ཡང་སྣང་བ་ནི།། རིག
6a6 པ་བྱང་ཆུབ་ཀྱི་སེམས་གཟུང་དུ་མེད་པའི་ཆོས་ཉིད་དོ།། དེ་ཉིད་བདེ་བ་ཆེན་པོའི་དོན་དུ་ཉམ་སུ་མྱོང་ཞིང་།། གསང་བ་བླ་ན་མིན་པར་འགྲུབ་པ་ནི། ཡེ་སངས་རྒྱས་པ་ཞེས་བྱའོ།། རིན་པོ་ཆེ་འཁོར་ལོ་བརྩེ
iiif viewer powered by OpenSeadragon
5b - 6b