| | e-texts navigator
|
5a1 སྣང་བའོ།། 6་སྡང་ག་ལ་ཡང་མ་ཆན་པའི་དུས་ཉིད་ན། དུག་ལྷ་ཡིས་ཀྱི་ལམ་དུ་བྱུང་བ་ནི།། དུ་ལྟ་ཉིད་དུ་རྦཊ་སྡང་རྒྱུད་ལྔ་རང་ཆས་སྣང་བའོ།། འཁོར་འདས་གང་དུ་ཡང་མི་སྣང་བའི་དུས་ཉིད་ན་ཡང་ཆོས
5a2 གཞི་ནུ་གྲུབ་པས་ཆོས་སྐུ་རང་ན་སུ་གསལ་བའོ།། གསལ་བཛྲི་དཔ་ལ་བསྟན་ནུས་ནུ་འཁོར་བ་གཏིང་ནས་བཟློག་པའོ།། དེ་ཉིད་བྱང་བ་དང་བཅས་ཤིང་། རླུང་འི་བའུ་ཞིག་གིས་བསྐྱོད་པ་ནི། འཁོར་བར་འགྲོ་བའི་འདྲེ་མ་རྟ་ཞེས་བྱ་སྟེ།
5a3 རླུང་འབྱུང་ལྡོག་གིས་འཁོར་བའི་ལམ་འདྲེན་ཅིང་། ཡིས་ཀྱི་མེ་བསོད་པའོ།། དེའི་ཕྱིར་བཏང་སྙོམས་མི་སྒྲིམ་བྱུང་ཚོར་སློང་ལ་བཞགོ།། ཅེས་གསུངསོ།། རིན་པོ་ཆེ་འཁོར་ལོ་བརྩེཊ་པའི་རྒྱུད་ལས། རང་བཞིན་ཁྱད་པར་གྱི
5a4 མེའུ་སྟེ། བཞི་པའོ།། །། དེ་ནས་ཡང་ཉིད་ཀྱི་རང་བཞིན་གྱིས། ངོ་བོ་བདེ་བ་ཆེན་པོ་ལ་བཀའ་སྩལ་པ། གཞི་འཛིན་ཅིང་རྩལ་འཆང་བའི་བྱང་ཆུབ་སེམས་ནི།། འཁོར་འདུས་གང་དུ་ཡང་རྒྱུ་མ
5a5 ཆད་པ་ལ། གང་གིས་ཀྱང་གཏན་ལ་ཕེབས་པར་དཀའ་སྟེ། དེ་ཅིའི་ཕྱིར་ཞེ་ན། དངོས་པོར་མ་གྲུབ་ཅིང་སྣ་ཚོར་སུ་བྱུང་བས། རྒྱུ་རྐྱེན་དང་བྲལ་ཏེ་སྙིང་པོ་མེད་པས་སོ།། དེ་ཡང་རང་གིས་ནིམ་རིག་པའི་སྔོན་རོལ་དུ། རིག
5a6 པའི་ཡོས་སུ་མཁྱེན་ཟིན་ཏེ། དོན་ལ་རིག་མ་རིག་གི་གནས་སྐབས་ཙམ་གྱིས་ཀྱང་བར་མ་ཆད་དེ། རིག་པ་ཐོད་བརྒལ་དུ་སངས་རྒྱས་ཟིན་ནོ།། དུག་རྣམ་པ་ལྔར་སྣང་ཡང་། མ་འཁྲུལ་པའི་ཡང་ཁོང་དུ་ཡིས་ཀྱི་རང་བཞིན
iiif viewer powered by OpenSeadragon
4b - 5b