e-texts navigator
Collection
Volume
Page
Wylie

3b1 ཀུན་ཏུ་བཟང་པོའི་དགོངས་པ་ནི།། མཚན་མ་གང་ཡང་བྲི་ཐོབ་མེད།། སེཾས་ཀྱི་རང་བཞིན་ན་མཁའ་འདྲ།། ཐ~ཾད་འབྱུང་བཞི་རིན་པོ་ཆེ།། དངོས་མི་སྣང་ཕྱོཊ་དང་བྲལ།། ཕྱོཊ་བྲལ་དོན་ལ་ཕྱོཊ་སུ་བྱུང་།། མ་སྐྱེས་པའི་ཆོས་ཉིད་ལ།
3b2 ཕྱོན་ཀྱི་ཐེ་སྙད་གང་ལ་འདོགས།། རྟེན་དང་བྲཁ་ཕྱིར་བ་དཅུ་བཞི་མེད།། ནམ་ཁའི་སྨང་བ་གཏིང་ཕྱིན་ན།། སེམས་ཀྱི་རེ་ཐག་གཏོང་ཕུར་གྲོལ།། འབྱུང་བུ་རླུང་ཆེན་མཁའ་ལ་དངས།། འོད་གསལ་ཆེན་པོ་ཟུང་དུ་ཞུཊ།། རྒྱ་ཆེ་འོད
3b3 གསལ་ཡངས་ན་བདེ།། དངོས་པོའི་མཚན་ཉིད་རྣམ་པར་དུག། སྒྱུ་མའི་གཟུན་བརྙན་རྨི་ལཾ་ཉིད།། རྟོག་པ་མེད་ལ་བྲན་བུན་ཙམ།། དེ་ཉིད་མི་རྟོག་དགོངས་པ་སྟེ།། རང་གསལ་ཤེས་པ་ཆོས་སྐུ་སྟེ།། རང་གསལ་ཡིན་ཕྱིར་རྩོལ
3b4 མེད་བྲལ།། སྣང་བ་ཁ་ཡེང་ཁྲོག་སྟོང་ལ།། རྣམ་ཤེས་ཀུན་ནེ་ལོང་ངོ་བཞག། གཔྲ་ལ་འང་བཞག་ས་རང་ན་བདེ།། བདེ་བར་ཤིས་ན་མི་བདེ་མེད།། ཤེས་ཤིང་རྡོལ་ན་ཡང་སྡུག་བསྔལ་ཡིན།། ཞེས་གསུངས་ཏེ། རིན་པོ་ཆེ་འཁོར
3b5 ལོ་རྔ་པའི་རྒྱུད་སྲས།། ཉིད་ཀྱི་དགོངས་པ་རྣམ་པར་དག་པའི་ལེའུ་སྟེ། གཉིས་པའོ།། །། དེ་ནས་ཡང་ཉིད་ཀྱི་རང་བཞིན་གྱིས།། ཉིད་ཀྱི་ངོ་བོ་ལ་རང་བཞིན་གྱིས།། ཆེ་བའི
3b6 དོན་བསྟན་པོའི་ཕྱིར།། ཨེ་མ་ཧོ།། ངོ་བོ་ཉིད་བདེ་བ་ཆེན་པོ་འབྱུང་བ་ན་མཁའི་སྣང་བ་ལ།། ཡིས་ཀྱི་འོད་ཆེན་ཀུན་ཏུ་ཤར་ཅིང་། རྩི་ཤིང་ན་གྲ་ཚལ་དུ་འཁྲུངས་པ་དང་། སྐྱེ་འགྲོ་གཟུགསུ་སྣང་བ་ཐཾད།། རང་བཞིན་ཀུན་ཏུ་བཟང་པོའི




iiif viewer powered by OpenSeadragon

3a - 4a

Texts on this page

Gbr004.25 - rin po che 'khor lo brtsegs pa'i rgyud