e-texts navigator
Collection
Volume
Page
Wylie

2b1 རྟོན་པར་དཀའ།། ཀུན་གྱི་སྤྱོད་ཡུལ་མ་ཡིན་ནོ།། ཀུན་བཟངས་དགོངས་པ་གཏིང་མཐའ་མེ་ང་།། རིག་པ་རྡོ་བཤིག་པ་དཀའ།། ཐ་ད་མཁྱེན་པའི་ཡེ་ས་ནི།། དམི་ཊ་ག་ཏདྲ་མེད་ཅིང་མཉམ་པའི་ངང་།། དེ་ལས་གཡོས།།
2b2 པར་མ་གྱུར་ན།། ཀུན་བཟངས་དགོངས་པ་དེ་ཁོ་ནའོ།། བདེ་བ་ཆེན་པོ་ཟག་པ་མེད།། མ་སྤངས་རང་གྲོལ་དོན་གྱི་གཏེར།། གང་ཡང་སྤང་དུ་མེད་ན་བདེ།། སྨང་བླང་མེད་པའི་དོན་རྟོན་ན།། རིག་པ་འགྱུར་མེད་རྒྱས་བཏབ
2b3 ནས་དྷ་རྒྱལས་མི་འདའ་གཡོས་མེད་ན།། མཚན་ཉིད་ཐ་དད་དོན་དུ་ཅིག། བྱང་ཆུབ་སེམས་ཀྱི་མཚན་ཉིད་ནི།། སཾརྦཱ་ཀུན་གྱི་སྲོ་ས་ཉིང་ཏེ།། ཡེ་ནས་འཛིན་པའི་དྲི་མ་དྲག། བདེ་ཆེན་ཀློང་དུ་ཡེ་ནས་གྲོལ།། ཟག་པ་མེད་ཅིང
2b4 རང་བཞིན་སྟོང་།། བདེ་ཆེན་སྤྲོས་བྲལ་ཟག་མེད་ལ།། དག་པའི་སེམས་མེད་མ་དག་མེད།། འདི་འདྲ་མེད་ཅིང་རྟོག་པ་མེད།། ཞིང་ཁཾས་དག་ཀྱང་ཡོད་པ་ཡིས།། མེད་ཅི་ཉིད་ན་སྣ་ཚོགས་འབྱུང་།། མཚན་ཉིད་མི་འགྱུར་གཡོ་བ
2b5 མེདཿགཉིས་དང་མི་གཉིས་ཐ་སྙད་བྲལ།། མི་གཉིས་པ་ཉིད་གཉིས་མེད་སྤྱན།། ལྷུན་གྲུབ་མ་འགཊ་ཀུན་ཏུ་གསལ།། ཨེ་མ་ཧོཿབདེ་བ་ཆེན་པོའི་རང་བཞིན་ནི།། ཡང་དག་པར་ནི་ཀུན་ཏུ་བཟང་པོ་སྐུ་གསུང་ཐུཿགཡོ་བ་མེད
2b6 པབ་དང་། སོ་ཅན་གྱི་ལུས་ངག་ཡིད་གསུམ་ཁྱད་རྡུལ་ཙ་ཡང་མེད་ཅིང་འདྲ་སྟེ། རང་སྣང་གིས་མཚན་ཉིད་ཐ་དད་པ་ལྟར་འདུག་པའོ།། འདུག་ཙེ་ཉིད་ན་ཡང་། རང་གི་ཆོ་འཕྲུལ་དུ་བྱུང་བ་དེ། རིག་པའི་ཆོ་འཕྲུལ་ཆེན་པོ་རང་ཤར་བས།།




iiif viewer powered by OpenSeadragon

2a - 3a

Texts on this page

Gbr004.25 - rin po che 'khor lo brtsegs pa'i rgyud