| | e-texts navigator
|
2a1 ཉིད་དབྱེར་མི་ཕྱེད་པའི་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཡིན་པ་དང་། དེ་ཉིད་ཀྱི་ཤར་ལུགས་ལ། བདེ་བར་གཤེན་པའི་སྐུ་དང་ཡིས་ཀྱི་སྣང་བ་རྣམ་པར་དག་པ་རང་བྱུང་བ་དང་། དེ་ཉིད་ཇི་ལྟར་ཡང་འཁྲུལ་ཞིང
2a2 སྐུ་གསུང་ཐུགས་ཡེས་ལྔའི་རང་བཞིན་ཅི་ཡང་སྟོན་ཅིང་། ཆོས་ཉིད་ཀྱི་དོན་ལ་གཡོས་པ་མེད་པར་འགྱུར་བ་དང་། མ་ངེས་པའི་འཇའ་མཚོན་ལྟར། ཅིར་ཡང་བསལ་གདོལ་བའི་དུས་ཉིད་ན་ཡང་།། བྱང་ཆུབ་ཀྱི་སེས་རིག་པ་དབྱེར
2a3 མེད་ཀྱི་ངོ་བོར་འདུས་ཏེ། གཞན་དུ་མ་མཐོང་བའོ།། དེ་ནས་ཉིད་ཀྱི་རང་བཞིན་ལ། ངོ་བོ་ཉིད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ལྷུན་གྱིས་གྲུབ་པ་གཞིའི་དོན།། རང་སྣང་གཞིང་ཡེ་ཤེས་སངས་རྒྱས།། མཚན་ཉིད་སོར
2a4 སྟོན་མཛད་པ།། ཉིད་ཀྱི་ཐུཊ་དེ་ཡེ་ནས་རྒྱས།། གང་གིས་སངས་རྒྱས་མ་རིག་པ།། རང་གཱི་སེཾས་ཉིད་རང་གིས་བསྒྲིབས།། སྒྲིབ་གཡོན་མཐོང་ན་སྒྲིབ་པ་དག། བདག་གི་སྔོན་ཆད་བསྒྲིབ་གཡོཊ་མཐོང་།། མཐོང་མྱེད
2a5 མཐོང་བས་མཐའ་དང་བྲལ།། རིག་པ་འགྱུར་མེད་བྱང་ཆུབ་སེམས།། ཡང་དག་ཉིད་དུ་ང་ཡིས་མཐོང་།། དེ་མ་ཐག་ཏུ་དེ་དོན་རྟོགས།། རྟོན་པས་རིན་ཉིད་ལ་འདུས།། ཐུཊ་ཀྱི་གཏེར་མཛོད་གཏེར་དུ་གྲུབ།། རྣལ་འབྱོར
2a6 ཆེན་པོ་གང་དག་གིས།། རྟོན་པར་ནུས་པ་འབྱུང་གྱུར་ན།། ཐུཊ་གྱི་ཉི་ཟེར་སྤྲོ་ཞིང་བསྡུ།། ཀུན་གྱིས་རང་རིག་རྟེན་གྱུར་ན།། ཀུན་ཀྱང་ཅིག་སྟེ་ལྷུན་གྲུབ་ཉིད།། ཐ་དད་ཉིད་ན་གཞན་མ་གྲུབ། མ་གྲུབ་དོན
iiif viewer powered by OpenSeadragon
1b - 2b