| | e-texts navigator
|
1b1 ། རྒྱ་གར་སྐད་དུ། རང་ན་ཙཀྲ་པ་ར་ཙ་ཏྲ་ཏན་ཏྲ་ན་མ། བོད་སྐད་དུ། རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད་ཅེས་བྱ། བཅོམ་ལྡན་འདས་བདེ་ཆེན་བརྡལ་བའི་ཕོ་བྲང་ན། རིག་པ་ཟང་ཐལ་གྱི་གཞལ་ཡཱ
1b2 ཁང་ནཿབཞུགས་པའི་སྐུ་བདེ་བ་ཆེན་པོས། ཉིད་ལ་ཉིད་ཀྱིས་གཟིགས་ནས། སྣང་བ་ཟག་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། ཞུགས་མ་ཐག་ཏུ་རང་སྣང་དག་པའི་བདེ་བར་གཤེག
1b3 པ་རྣམས་དང་།། སྟོང་གསུམ་མི་འཇེད་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་མ་ལུས་པ་དང་། བདག་ཉིད་རང་སྣང་གི་འཁོར་ཐཾཐ~ཾད་དབྱེར་མེད་དེ། བདག་ཉིད་ཀྱི་མཚན་ཉིད་ལས་འབྱུང་ཞིང་།། དེ་དག་ཐ~ཾད
1b4 རུང་ཉིད་ཡིན་པ་དང་།། རང་གི་ཆོ་འཕྲུལ་ལས་བྱུང་བའི་འཁོར།། རོལ་པའི་མཚན་ཉིད་ཡིན་པའི་དོན་ཐུགསུ་ཆུད་པའི་ཚུལ་དེ་ཡང་།། རང་གི་ཆོས་ཉིད་དུ་ཤེས་པར་བྱ་བའི་ཕྱིར།། རང་གི་ངོ་བོ་ལ་གཟིགསྭཱ་ཏེ། གུསང་བ
1b5 ཡིས་ཀྱི་མཐོངས་གསལ་ཏེ། མ་རིག་པའི་ཕྱི་བས་ཕྱུང་ནས། རིག་པ་ཡིས་ཀྱིས། བདེ་བ་ཆེན་པོའི་དོན་གསོལ་བར་ཕྱུང་སྟེ།། འཁོར་བ་དང་མྱ་ངན་ལས་འདས་པའི་དོན་ཇི་ལྟར་ཡིན་པ་དང་།། སྣོད་བཅུད་འཛིན་པའི་དོན་ཇི
1b6 ལྟར་ཡིན་པ་མཚན་ཉིད་ཐ་དད་པ་ཀྱང་རང་ཉིད་ཀྱིས་རྒྱན་དུ་སྣང་བར་བྱས་ནས། རང་གི་ངོ་བོ་དང་། རང་གི་རང་བཞིན་དང་། རང་གི་མཚན་ཉིད་དང་། རང་གི་སྤྱོད་ཡུལ་འཇིག་རྟེན་གྱི་ཁས་མཐའ་ཡས་མུ་མེད་པ་ཐ~ཾད། རང་གི་མཚན
iiif viewer powered by OpenSeadragon
1a - 2a