| | e-texts navigator
|
70b1 བསྟུན་པ། རང་ཁྱུང་སེམས་ཉིད་རྫོགས་པའི་ཀློང་།། གསང་མཛོད་རིག་པ་ཐུགས་ལ་གསལ།། བརྒྱུད་པ་བྱ་བྲལ་རྫོགས་པའི་ལུང་།། རྡོ་རྗེ་སེམས་དཔའ་དགོངས་པའི་མཛོད།
70b2 འདོགས་སྐུར་འདེབས་རྣམ་པར་གཅོད།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། མཁའ་མཉམ་ཀློང་ལ་མཉམ་སྦྱོར་བས།། འགྲོ་བ་རང་བྱུང་སྙིང་པོའི་མཛོད།། ཐུགས་རྗེས་མཛད་པ
70b3 འདོད་དགུ་བསྒྱུར། བསྟན་པའི་མེ་ལོང་སེཾས་ཀྱིས་གཏེར།། ཐེག་པའི་ཡང་རྩེ་ལུང་གི་བཅུད།། ནམ་མཁའ་དང་ནི་མཉམ་པའི་རྒྱུད།། གསང་བ་ཀུན་འདུས་རིག་པའི་ཀློང་།། ཡེ་ཤེས་འང
70b4 གསས་ཆེམ་པོ་འདི།། དང་དང་དམ་ཚིག་ལྡན་པ་ཡིས།། གྲགས་པའི་ཆོས་བརྒྱད་རྣམ་སྤངས་པ།། ལུས་དང་སྲོག་ས་མི་བལྟ་བའི།། རྒྱལ་ཆེ་བ་ངེས་པ་ཅིག་ལ་བཏད།། ཞེས་གསུངས་སོ།།
70b5 བྱང་ཆུབ་ཀྱི་སེམས་མཱ་ཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས། རྒྱུད་གཏད་པའི་ལེའུ་སྟེ། ཉི་ཤུ་དྲུག་པའོ།། །
70b6 བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ།། རྡོ་རྗེ་སེམས་དཔའ་མཁའ་མཉམ་ཀློང་གི་རྒྱུད་ཞེས་བྱ་བ་རྫོགས་སྷོ།། ། འདའ་ཧེ་ནའི་འདུ་ཁང་དུ།། སྤྲུལ་པའི་ཀླུ་ཤྲི་སྲིང་ས་དང་།།
iiif viewer powered by OpenSeadragon
70a - 71a