e-texts navigator
Collection
Volume
Page
Wylie

70a1 རྐྱེན་གྱིས་ཇི་ལྟར་བསྒྱུར་བ་ལྟར།། གསུཾ་པ་ལ་ནི་མི་གཡོ་བ།། རྒྱ་མཚོ་གཏིང་ལྟར་གནས་པའོ།། བཞི་པ་ན་མཁའི་ཀློང་ཡང་འདྲ།། དྲོད་ཚད་གང་ཡང་མི་འཕྲོ་བའོ།། དམིགས་པ་ཡན་ལག་མི་འཇུག་པའོ།།
70a2 བྱུང་ཚོར་མ་བཀག་རང་ཞི་བའོ།། མདོར་ན་མོ་ཡེངས་མི་འཇུག་པའོ།། མ་གསགས་གདོད་ནས་ལྷུན་གྲུབ་པསཱ།། བཙལ་ཞིང་བསྒྲུབ་པའི་འབྲས་བུ་མིན།། རྒྱུ་རྐྱེན་མེད་པར་རང་བྱུང་བས།། བསྐྱེད་ཅིང་སྨིན་པའི་འབྲས་བུ་མིན།།
70a3 འདོད་འབྱུང་ནོར་བུ་རིནཱ་ཆེན་ལྟར།། ལྷུན་གྱིས་གྲུབ་པའི་འབྲས་བུ་མིན།། མ་བཙལ་ལྷུན་གྲུབ་འབྲས་བུ་ཡིན།། མ་བཅོས་གདོད་ནས་དག་པ་ཡིན།། བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས།། མཐར་ཕྱིན
70a4 བའི་མན་ངག་བསྟན་པའི་ལེའུ་སྟེ། ཉི་ཤུ་ལྔ་པའོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་ལ།། བསྟུན་པ་དམ་པ་འདི་གཏང་བའི་ཕྱིར།། འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྵུཾ་མ་ཧོ།། འདུས་པའི
70a5 ངོ་མཚར་རྣམས།། རྡོ་ཊ་ཆེན་བསྟན་པ་བསྟན་པའི་མཛོད།། རང་བྱུང་རིག་པ་ཅིག་པའི་ལུང་།། ཚིག་ཅིག་དོན་ཀུན་རྫོཊ་པའི་མཛོད།། སེམས་ཉིད་རྫོགས་པའི་རང་བཞིན་ལ།། དགུ་ལུང་བརྒྱུད་པའི་སེམས་ཀྱི་གཏེར།།
70a6 རང་ལ་རྫོརྦ་པས་གཞན་གྱིས་གསལ།། འཕྲུལ་གྱི་མེ་ལོང་དགུ་བསྐོར་ལྟར།། གང་དུ་གསལ་ཡང་དབྱིངས་ལ་རྫོ་གས།། རང་ལ་ཆད་ཅིང་རང་ལ་སྟོན།། སྟོན་པ་གནས་དུས་འཁོ




iiif viewer powered by OpenSeadragon

69b - 70b

Texts on this page

Gbr004.24 - byang chub kyi sems rdzogs pa chen po mkha' mnyam klong gi rgyud kyi rgyal po