| | e-texts navigator
|
6b1 པ་དེ་རྣམས་ནི།། སྐུ་གསུང་ཐུགས་སོ་ཡོན་ཏན་དང་།། འཕྲིན་ལས་སྟོབས་དང་མི་འཇིགས་པ།། སྨོན་ལམ་དབང་ཀྱེ། གྲངས་ལས་འདས།། ན་མཁའི་ཁམས་དང་མཉམ་སྦྱོར་བས།། འབྲས་བུ་གྲངས་མེད་རྩོལ་བ་མེད།། དེ་ཕྱིར
6b2 མཁའ་མཉམ་དེ་བཞིན་གཤེགས།། རང་བྱུང་དག་པའི་དབྱིངས་ཉིད་ཡིན།། གང་ཕྱིར་མཐར་ཐུག་མེད་པ་ཡང་།། རང་བྱུང་དབྱིངས་ལས་གར་མ་ཕྱིན།། རྒྱུ་དང་རྐྱེན་གྱིས་བསླད་པ་མེད།། རང་བྱུང་ཡེ་ཤེས་བརྗོད་དང་བྲལ།། མི་གནས།
6b3 ཡེ་ཤེས་བདེ་ཆེན་པོ།། ཡེ་ཤེས་ཉིད་པས་གདོད་བརྩལ་མེད།། ཀུན་བྱེད་ཉིད་པོས་བསྒྲིབས་དང་བྲལ།། རང་བྱུང་ཉིད་པས་གཞན་པ་མེད།། མཉམ་ཉིད་མཁའ་ལྟར་གནས་པའི་དོན།། ཐིག་ལེ་གཅིག་པས་སྤྲོ་བསྡུ་བྲལ།།
6b4 སྐྱེ་ཤི་མེད་པས་རྟག་ཆེན་པོ།། ཟླུམས་དང་ཆ་ཤས་མེད་པ་དང་།། ཀུན་ཏུ་བརྡལ་དང་མ་ནོར་དང་།། མ་བཅོས་གཅིག་གི་ངང་གནས་པས།། ཐིག་ལ་ཆེན་པོ་མཉམ་ཉིད་ཀློང་།། མཁའ་ལ་ཉི་མ་འབུམ་བརྡལ་ཞིང་།། འཁོར
6b5 བོའི་མུན་པ་དུས་གཅིག་འཇོམས།། ཀུན་གསལ་མ་ལོང་འོད་པོ་ཆེ།། རང་ལས་རང་གསལ་རང་གཱི་དང་།། ཁྱབ་བརྡལ་རྡོ་རྗེ་སེམས་པའི་མཆོག། ཟླ་བ་དྲི་མེད་ཞལ་མངའ་ཞིང་།། ནམ་མཁའ་ཀློང་ཡང་ས་ཀུན་གྱི་བླ།། འདི
6b6 ནི་རང་བྱུང་ཡེ་ཤེས་ཏེ།། ཀུན་བཟངས་རྡོ་རྗེ་སེམས་དཔས་བཤད།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས།། རང་བྱུང་གི་ཡེ་ཤེས་བསྟན་པའི་ལེའུ་སྟེ་གསུམ་པའོ།།
iiif viewer powered by OpenSeadragon
6a - 7a