e-texts navigator
Collection
Volume
Page
Wylie

6a1 བརྟག་ཏུ་མེད་དེ་ཡུལ་དང་བྲལ།། སྒོམ་དུ་མེད་དེ་ཆོས་དབྱིངས་ཀློང་།། སྒྲུབ་ཏུ་མེད་དེ་ཡ་སངས་རྒྱས།། སྤོང་དང་སྦྱོང་དང་འབྱེད་དང་སློབ།། དག་དང་དབང་བྱེད་སྤོང་ལན་མེད།། དེ་ཉིད་རྟོགས་པའི་རྒྱུན་འབྲངས་ནས།། །
6a2 གདོད་ནས་བྱང་ཆུབ་གཾ་ལ་ཡིན།། ཡེ་མཐོང་བྱས་ཟིན་བཀོད་པ་ཟིན།། གྲུབ་ཟིན་ཡ་སངས་རྒྱས་ཟོན་པས།། བསྒྲུབ་ཅིང་བརྩལ་དུ་ཡེ་ནས་མེད།། རང་བྱུང་དག་པ་ས་མཐོང་ཆ་ཟད།། དེ་ཡང་འཛིན་པའི་ཆོས་ཉིད་ཡིན།། འཛན་མེད་ཆོས
6a3 ཀྱི་སྙིང་པོ་ལ།། ཆོས་ཀྱི་སྒོ་མེར་བརྡར་བརྟགས་ཀྱང་།། ཆོས་ཀྱི་ཕུང་པོ་ཟད་མཐའ་མེད།། རྟོག་པའི་འདུ་ཤེས་གང་སྐྱེས་ཀྱང་།། མཁའ་མཉམ་ཀློང་དུ་ཡེ་གཅིག་སྟེ།། བཟང་ངན་བླང་དོར་ཡེ་བྲལ་ནས།། བཅོས་འཛིན་མེད་དེ་ཡིས
6a4 ཀློང་།། ཁྱུང་གིས་གར་འཕུར་ན་མཁའི་དབྱིངས།། ཉཝ་ཡིས་གར་འཚོང་རྒྱ་མཚོའི་འཛིངས།། རྟོག་པ་ཅི་སྐྱེས་ཆོས་ཀྱི་དབྱིངས།། སེམས་ཀྱིས་གར་བལྟས་ཡེ་ཤེས་ཀློང་།། མཁའ་མཉམ་དབྱིངས་ལ་འདྲའ་བ་མེད།། རྒྱལ
6a5 བའི་ཡོན་ཏན་རྨད་བྱུང་བ།། ཀུན་ཀྱང་རང་བྱུང་དག་པའི་དབྱིངས།། ཞིང་ཁམས་མཐའ་ཡས་རྡུལ་སྙེད་ནས།། དཔག་ཏུ་མེད་པའི་རྒྱལ་བ་རྣམས།། དེ་བཞིན་ཉིད་ལ་གནས་མཛད་པ།། རང་བྱུང་སེམས་ཉིད་ཀློང་གི་ངང་།།
6a6 མཚན་དང་དཔའ་བྱེད་འོད་འབར་བ།། ཚོགས་གཉིས་རྫོགས་པའི་རྒྱལ་བ་རྣམས།། རྟོག་དང་གདུལ་བྱའི་དབང་གིས་སྣང་།། ཀུན་ཀྱང་སྙིང་པོ་རང་ལ་གནས།། ནམ་མཁའ་ཁྱབ་པའི་དེ་བཞིན་གཤེགས།། གང་ཕྱིར་རྒྱལ




iiif viewer powered by OpenSeadragon

5b - 6b

Texts on this page

Gbr004.24 - byang chub kyi sems rdzogs pa chen po mkha' mnyam klong gi rgyud kyi rgyal po