| | e-texts navigator
|
69b1 ཀྱིས་བགྲོད་པས་ཐོབ་པར་ག་ལ་འགྱུར།། སྒྲ་བྲལ་མ་བཅོས་གསང་བའི་དོན།། སྒྲ་ཉིད་ཀྱིས་ནི་གསལ་བར་བསྟན།། གང་ལ་དགའ་བ་ཉིད་ཀྱིས་དེ།། གཞན་དུ་བསྟན་པར་མ་གསུང་སོ།། ལྟེང་ཆུ་དྲ་གསལ་བའི་རྣལ་འབྱོར་པས།། མི་འགྲོ་རང་བཞག
69b2 གནས་པའི་ལུང་།། མི་གཡོ་མཆོག་གི་རྣལ་འབྱོར་པས།། བླ་མས་ངེས་པར་བལྟ་བར་བྱ།། ཐ་མའི་དུས་དང་ཐོག་མའི་དུས།། དུས་གསུཾ་རིག་པ་མཉམ་དུ་བསྟན།། དུས་གསུམ་བཞིན་འཛིན་མན་ངག་སྟེ།། བླ་མ་ཉིད་ལ་འདུད་པར་བྱ།།
69b3 བརྡའ་དོན་སྤྲད་པའི་དུ་སུ་ནི།། བརྩལ་མེད་གནས་པའི་མན་ངག་སྦྱིན།། ཡིས་རོལ་པའི་རང་སྣང་ལ།། བླ་མའི་ཞལ་ལས་ཤེས་པར་བྱ།། ཇི་བཞིན་ཆུ་ལྟར་བཞག་པ་ཡིས།། དེ་མ་ཐག་ཏུ་གནས་པར་འགྱུར།། རིན་ཆེན་སྤྲད་པའི
69b4 ཆོ་ག་སྟེ། རྣ་བ་རྒྱུད་གདམ་ངགནོད་པར་བྱ།། དུས་ཚོད་རྣམ་པ་འདུ་ཤེས་ཀུན།། འབབ་ཆུ་ལྟ་བུར་དབང་བསྒྱུར་ན།། རང་བྱུང་ཐུཊ་འཕྲད་ཉིད་དུ་འགྱུར།། ངེས་པའི་དྲོད་ཚད་ཞལ་ནས་འབྱུང་།། འཕྲུལ་གྱི་མེ་ལོང་ལྟ་བ་འམ།། ཤེལ
69b5 གྱི་མཚོན་རྐྱེན་ཕྲད་པ་ལྟར།། གནས་སྐབས་གང་དང་འཐུན་པ་ཡི།། མན་དག་ལུང་གིས་གཏན་ལ་དབབ།། དེ་ལྟར་གནས་པ་དེ་བལྟས་ལ།། གང་ལ་དམིཌ་པ་བཞིན་ལ་བཞག། དེའི་དྲོད་ཚད་གང་ཡིན་པ།། དེས་པ་ཉིད་དུ་བསྟན་པར་བྱ།།
69b6 ངེས་པའི་དོན་ལ་མི་འགྱུར་ན།། གདེང་དུ་འགྱུར་བའི་དྲེད་ཡིན་ཏེ།། དང་པོ་ཆུ་བྲག་འབབ་པ་འམ།། ཅང་ཤེས་ཤུགས་ཀྱིས་དཀྲུ་ཌ་པ་འམ།། མཁའ་ལ་གནམ་ལྱཊ་འབྱིང་བ་བཞིན།། གཉིས་པ་དལ་བའི་ཆུ་བཞིན་ཏེ།
iiif viewer powered by OpenSeadragon
69a - 70a