| | e-texts navigator
|
68b1 གཉིས་མེད་གཏན་ལ་ཕབ་པ་ཡིས།། རང་བྱུང་ཐིག་ལེ་གསལ་བར་འགྱུར།། བསམ་དུ་མེད་པའི་ཆོས་ཉིད་ལ།། བསཾ་པའི་རྟོག་པ་གོལ་བའི་ལམ།། སྤྱད་མེད་ཡིས་རྫོགས་པ་ལ།། དུས་གསུཾ་རྒྱལ་བའང་སྤྱད་མི་མཛད།། དུས་གསུཾ་རྒྱལ་བའི་དགོངས
68b2 པ་ཡང་།། རྟོག་སྤྱོད་འདུ་ཤེས་བྲལ་ལས་བྱུང་།། རྟག་ཅིང་སྤྱད་པའི་ཡུལ་མེད་དེ།། རང་བྱུང་གསང་བའི་ཀློང་ཡིན་པས།། བསམ་སྤྱོད་རྟོག་པ་མཐའི་ལམ།། མཐའ་སྤངས་དབུས་མའང་དེ་བཞི་ནོ།། རང་བྱུང་རྫོཊ་པའི་སྒྲ་ལྡན་ལ།། ལུང་རིག་མན་ངག་གཏན
68b3 གས་ཀྱིས། ཁྱད་པར་འཕཊ་བའི་དེ་ན་གོན།། མི་འགྱུར་རོ་གདང་ལ་ཀློང་དུ་རྟོཊ།། རྟོགས་པའི་ངོ་ལ་གཉིས་མེད་ན།། གཉིསུ་འཛིན་པ་ལོག་པའི་ཆོས།། མ་བཤད་མ་རྟ་ཊ་རང་ཞི་བ།། བསམ་པའོ་འད་ཤེས་མི་གནས་པ།། བསམ་པའི་རང་བཞིན
68b4 གསལ་བའི་སེམས།། རང་ལ་སྤྱོད་ཅིང་རད་ལ་སེམས།། དོན་ཅིག་རྟོཊ་པས་ཀུན་རྟོ་ཊི་ཏེ།། གཅིག་མཐོང་ཀུན་མཐོང་ཐ~ཾད་གསལ།། རང་བྱུང་རྫོཊ་པར་ངོ་ཤེས་ནས།། དེ་མིན་གཉིས་པའི་ཆོས་མི་གནས།། ཐུན་མོང་ཐེག་པ་མ་ལུས་པ།། བསམ
68b5 སྤྱད་སྐར་མ་ལྟ་བུ་ལ།། མེད་ཀྱང་ལོག་པར་ཤེས་པའི་མཐུས།། ཅོང་རོང་མུན་པའི་ཁམ་སུ་ལྟུང་།། བསྒོམ་དུ་མེད་པའི་སེམས་ཉིད་ལ།། བསྒོམ་པས་རྙེད་པར་ག་ལ་འགྱུར།། མ་བསྐྱོད་རང་བཞག་རིག་པའི་སེམས།། མ་བརྩལ་ཉིད་ཀྱིས་གསལ་བ
68b6 སོམ་སྣང་མང་ལྷུམ་གྲུབ་སེམས་ཉིད་ནི།། གསལ་བར་བཞག་པས་ལྷུན་གྲུབ་འབྱུང་།། འདུ་ཤེས་བསམྦ་པས་མ་བཟུང་ཞིང་།། ཉམས་མྱོང་རྗེས་འབྲངས་རྣམ་རྟོག་བཅད་།། བསཾ་པ་མེད་ཅིང་མི་བསམ་མེད།། སྤྲོས་མེད་ཐིག་ལེ་ཆེན་པོ་ལ།
iiif viewer powered by OpenSeadragon
68a - 69a