| | e-texts navigator
|
68a1 རྩོལ་བྲལ་རིག་པའི་ཁྱད་པར་ལས།། བསྲུང་བའི་རྣམ་རྟོག་ཀུན་གྱིས་སྟོང་།། གདོད་ནས་འདའ་མེད་རང་བཞིན་ལ།། མཱ་ཡེངས་གནས་པས་བསྲུངས་པ་ཟིན།། གདོད་ནས་དམ་པར་ཡེ་གནས་པས།། ཉོན་མོངས་རྟོག་པ་གདོད།།
68a2 ནས་ཚིག། ལྷུན་གྲུབ་དང་ལ་རྩོལ་བ་མེད།། ཟིན་པས་བསྲུང་བ་བྱ་མི་དགོས།། ལྷུན་གྲུབ་དང་ལས་འདའ་མེད་པས།། ལྷུན་གྱིས་གྲུབ་པའི་དམ་ཚིག་ཡིན།། བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས།། བསྲུང་མེད་དམ་ཚིག་གི་ཁྱད
68a3 པར་བསྟན་པའི་ལེའུ་སྟེ། ཉི་ཤུ་གསུམ་པའོ།། ། དེ་ནས་གཞན་ཡང་བཤང་བྱ་བ།། ཐོས་བསམ་བསྒོམ་པའི་ཤེས་རབ་ཀྱིས།། རང་བྱུང་རིག་པ་སྦྱང་མེད་ཀྱང་།། ཡོངས་རྫོཊ་གསལ་བས་དེ་མཚར་འབྱུང་།།
68a4 བརྗོད་བྲལ་གསང་བའི་ཆོས་ཉིད་དག། སྒྲ་དང་གཏན་ཚིགས་ཡུན་མིན་ཏེ།། རྟོག་སྤྱོད་ཡུལ་དུ་མ་གྱུར་པས།། ཚིག་དང་ཡི་གེའི་ཡུལ་ལས་འདས།། བརྗོད་བྲལ་རང་རིག་གསང་བའི་གོམས།། ཐོས་མེད་བརྗོད་བྲལ་རིག་པའི་གཏེར།། འཇིག་རྟེན
68a5 ལོག་པར་གྲོལ་བ་དང་།། མཚན་མ་སྒྲ་ལ་ཞུགས་པ་དང་།། རྣ་བ་རྒྱུད་གདམ་ངག་མོ་ལྡན་ལ།། བཤད་དང་ཉན་པ་གཉིས་ཀ་ལྟུང་།། བརྗོད་བྲལ་ཆོས་ཀྱི་དབྱིངས་ཉིད་དག། བརྗོད་མེད་མཚོན་པའི་ཡུལ་ཉིད་མིན།། འཁོར་བའི་གཟབ་ཀྱིས་བཅི
68a6 གྱུར་པ།། བརྗོད་མེད་བརྗོད་པས་དོན་དེ་རྟོན།། རང་བྱུང་སེམས་ཉིད་གསལ་བ་ལ།། བརྗོད་དང་བརྗོད་བྲལ་ཐ་དད་མིན།། རང་བྱུང་རྔོན་པའི་ཀློང་ལྡན་ན།། གང་ལྟར་བརྗོད་པར་བརྗོད་བྲལ་ཡིན།། ཐ་དད་རིག་པ་མི་གནས་ཀྱང་།། དེ་ལྟར་རྡོཊ་པཱི་གང་ཟག
iiif viewer powered by OpenSeadragon
67b - 68b