e-texts navigator
Collection
Volume
Page
Wylie

67b1 ཚྭ་ལ་ཁྲིམས་དདག། དམ་ཚིག་སྡོམ་པ་མཐའ་ཡས་པ།། འདུལ་བའི་དབང་གིས་དོན་ལ་རྫོག། གཅིག་ལ་གཉིསུ་བསྲང་པ་དང་།། གཟུང་འཛིན་ཞིད་དུ་བསྲུང་པ་དང་།། གྲངས་མེད་པ་ལ་གྲང་སུ་བསྲུང་།། ཕྱོ་ཊ་མེད་དོན་ལ་ཕྱོ་ཊ་འཛིན་བྱེད།། མི་མཁས
67b2 ལོག་པའི་འཇིག་རྟེན་པས།། གངས་ལྟར་བསྲུངས་པ་རྟོག་པའི་གྲངས།། མ་བསྲུངས་དོན་ལ་ཉམས་པ་མེད།། གདོད་ནས་རྫོར་པས་བསྲུང་བ་མེད།། གང་ཡང་བསྲུང་དང་མི་བསྲུང་ཞེས།། ཕྱོགས་མེད་རང་བྱུང་རྫོཊ་པའི་ཀློང་།། ཐད་དོར་བ་མེད་པའི་ཕྱིར།།
67b3 ཀུན་ཀྱང་བདེ་ཆེན་མཆོག་ཏུ་བསྲུང་།། ཆེད་བྱས་འཛིན་རྟོག་གོམས་པའི་ནད།། བརྩལ་ཞི་བ་སྤྱད་ཅིང་གོམས་པའི་ནད།། བསྲུང་བྲལ་རིག་པའི་དམ་ཚིག་ལ།། ཕྱོ་ཊ་དང་རྒྱུ་ཡོངས་མ་ཆད་པའི།། ན་མཁའ་ལྟ་བུར་ཁྱབ་བརྡལ་ཏེ།། བསྲུང་དང་མི་སྲུང་ཐ
67b4 སྐད་ཅད། རང་གསལ་གཉན་བྲལ་སྙིང་པོ་ལུང་།། མ་བརྗོད་གོ་བས་རྒྱལ་བའི་གསུང་།། མ་བསྲུངས་ཐུབ་པའི་ངོ་མཚར་ཅན།། ཁམ་གསུཾ་སྐུ་གསུཾ་རིག་པ་ལ།། ཕྱོཊ་རིངས་ངེས་པའི་ཆོས་མ་ཡིན།། གང་ལྟར་ཅི་ཡང་མ་ཡིན་པས།། བསམ་སྤྱད་བྲལ
67b5 བའི་དམ་པ་ལ། རྩོལ་བས་འདས་པས་འཚིག་པར་འགྱུར།། འདི་དག་ཕྱོར་མེད་དམ་ཚིག་སྟེ།། ཕྱོཊ་བཅས་རྣམས་ཀྱི་ཡུལ་མ་ཡིན།། མ་བཅོས་རྩོལ་བྲལ་དམ་ཚིག་ནི།། བཅོས་མའི་རྩོལ་བའི་ཡུལ་མ་ཡིན།། ཅིག་སྟེ་སྙིང་པོར་རྫོབ་པའི་ལུང་།།
67b6 རྣམ་པའི་ཁྱད་པར་ཇི་ལྟ་བ།། མ་འདྲེས་སྙིང་པོའི་དོན་ལ་རྫོཊ།། དོན་དུ་ཡིས་རྫོཊ་པར་གསལ།། རང་བྱུང་རྒྱུ་འབྲས་ཐིག་ལེའི་ཀློང་།། སྙིང་པོ་ཅིག་ལ་ཀུན་རྫོཊ་པས།། བསྲུང་སྡོམ་དམ་ཚིག་རང་བཞིན་ཚ། ཐ་དད་དབྱེ་བ་མི་གནས་ཀྱང་།།




iiif viewer powered by OpenSeadragon

67a - 68a

Texts on this page

Gbr004.24 - byang chub kyi sems rdzogs pa chen po mkha' mnyam klong gi rgyud kyi rgyal po