e-texts navigator
Collection
Volume
Page
Wylie

67a1 འབྲས་འདིས། རང་བྱུང་རྫོཊ་པའི་སྙིང་པོ་ལ།། གདོད་ནས་རྫོ་ཊ་བས་རང་བཞིན་མེད།། ཡོན་ཏན་མཚོ་བརླབས་ཚུལ་དུ་སྣང་།། ཐུཊ་རྗེས་འགྲོ་འོང་མེད་པར་བརྡལ།། ཚད་ལས་འདས་པའི་སྐུ་གསུང་ཐུ་ཊ།། རིག་པའི་གཏེར་ཆེན་ཚད
67a2 པའི་ཞལ། མ་བརྩལ་ལྷུན་གྱིས་གྲུབ་པར་གནས།། མ་བྱས་རང་བྱུང་རྫོབ་པའི་གཏེར།། མ་བརྩལ་ཇི་བཞིན་ཉིད་དུ་གནས།། འདོད་པའི་སེམས་ལ་གང་མཐོང་ཚོར།། རང་བྱུང་རིག་པའི་འོད་དུ་ཐིམ།། རང་བྱུང་སེམས་ལས་མི་གཡོ་ན།།
67a3 སྤྱོད་པ་ཅི་ལ་ཡང་ཐོན་པ་མེད།། རང་བྱུང་རྫོ་པའི་སྤྱོད་པ་ནི།། ནམམཁའ་མ་བཅོས་སེམས་ལྡན་པས།། ཇི་ལྟར་སྤྱད་ཀྱང་ངེས་པར་སྐྱོང་།། མཁའ་ལ་ཁྱུད་འཕུང་ཇི་བཞིནོ།། བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས།། སྤྱོད་པའི
67a4 ཁྱད་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། !། དེ་ནས་གཞན་ཡང་བཤད་བྱ་བ།། རྡོ་བསྲུང་བྲལ་དམ་ཚིག་ནི།། མཁར་མཉེ་རང་བྱུང་ཆེན་པོར་ལྟ།། འདའ་མེད་རང་བཞིན་རིག་པའི་ཀློང་།། འདའ
67a5 མེད་དམ་ཚིག་ཆེན་པོ་ལས།། འདས་ན་རྡོར་ལྟུང་བར་འགྱུར།། ཐ~ཾད་རང་སེམས་རྫོཊ་པའི་ཕྱིར།། བསྲུང་བྲལ་ཕྱོན་མེད་ཅི་ཡང་ཡིན།། འདའ་བ་མེད་པས་བསྲུང་བའང་མེད།། ཕྱོགས་ཅིག་བྲལ་བས་ཕྱོཊ་ཀུན་བྲལ།། གང་ཞིག་བསྲུངས་པའི་མཚམས
67a6 བཟུང་ནས།། བསྲུང་བྲལ་དོན་ལ་བསྲུང་བར་བྱེད།། རང་བྱུང་རིག་པའི་དམ་ཚིག་ནི།། འདའ་བ་མེད་ཅིང་བསྲུང་བའང་མེད།། མ་བཅོས་འགྱུར་མེད་དམ་ཚིག་ལ།། བཅོས་པའི་དམ་ཚིག་ཕྱིན་ཅི་ལོག། རང་བྱུང་རྫོམ་པའི་དམ་ཚིག་ནི།། འདུལ་བའི་དབང་གིས




iiif viewer powered by OpenSeadragon

66b - 67b

Texts on this page

Gbr004.24 - byang chub kyi sems rdzogs pa chen po mkha' mnyam klong gi rgyud kyi rgyal po