| | e-texts navigator
|
5b1 ན་སྟོང་ཕྲག་རྒྱ་བཅུརྩ་བཞི་དང་།། བཅུ་གཉིས་བསྡུ་གཉིས་སྡེ་གསུམ་རྒྱུད་གསུམ་སྩོགས།། གྷཱ་སྠ་ལས་འདས་པས་ཅིར་འངྒཱ་ཟླས་བྱུང་།། རང་བྱུང་དག་པའི་སློང་དུ་འདུས།། མཁའ་མཉམ་སྟོད་དང་མཉམ་སྦྱོར་བས།། ནུམ
5b2 མཁའ་རྒྱུ་རྐྱེན་མེད་པ་ལྟར།། སེམས་ལ་གདོད་ནས་རྒྱུ་རྐྱེན་མེད།། མ་སྐྱེས་མི་དམིགས་ཅིར་མི་དགོས།། རང་བྱུང་དག་པའི་སྙིང་པོ་ལ།། ཤུགས་དང་ཕྱེད་བྱས་རང་བཞིན་ཉིད།། སྒོ་སྐུར་དག་པས་མཉམ་པོའི་ངང་།། དེ་ལྟར
5b3 མི་འཛིན་མཐའ་ལྔས་འདས།། སྣང་མེད་མ་བཙལ་ཆོས་དབྱིངས་ནི།། མ་བཙལ་བཞག་པས་འབྲས་བུ་ཡིན།། བཙས་ན་ཚྭ་ཆད་དོན་མེད་ཕྱིར།། མཁའ་མཉམ་འབྲས་བུ་ག་ལ་འགྲུབ།། གང་ཕྱིར་རང་བྱུང་བྱང་ཆུབ་ནི།
5b4 ཁ་དོག་མ་ཡིན་དབྱིབས་མ་ཡིན།། སྣང་བ་མེང་པའི་སྙིང་པོ་སྟེ།། གཉིས་མེད་བཙལ་བྲལ་བྱང་ཆུབ་ཡིན།། བརྟག་མད་རང་བྱུང་སྙིང་པོ་ལ།། ཇི་ལྟར་བརྟགས་པས་དོན་དང་འགལ།། རྟོག་མད་རང་བྱུང་དོན་རྟོགས་པས།། ལམ
5b5 ལྔ་སྣ་བཅུ་འགྲོད་མི་དྭགས།། ཇི་སྙེད་ཏིང་འཛིན་འབུམ་ཕྲག་དང་།། ཞི་གནས་སྟུག་མཐོང་འབྱུང་འཇུག་གིས།། བསྐལ་པ་གྲང་ས་མེདུ་བརྩལ་གྱུར་ཀྱང་།། རང་ལས་འབྱུང་གིས་གཞན་དུ་མཱན།། བཙལ་དུ་མེད་པའི་སྙིང་པོས
5b6 འཛིན་འཚལ་མེད་པའི་སེམས་ཀྱི་གནས།། བྱ་བྱེད་མེད་པའི་ཆོས་ཉིད་ལ།། རང་བྱུང་བཙལ་མིད་དབྱིངས་ཀྱི་གནས།། རང་བྱུང་རང་གིས་རང་དམིགས་པས།། དམིགས་སུ་མེད་པའི་སྙིང་པོ་ནི།། བརྩལ་དུ་མེང་པར་རང་ལས་བྱུང
iiif viewer powered by OpenSeadragon
5a - 6a