| | e-texts navigator
|
5a1 ཁམས་དང་འདུ་བྱེད་ལ་སོགས་པ།། མ་འདྲེས་རང་མཚན་སོ་སོ་ཡང་།། རང་བྱུང་ཀུན་བྱེད་བྱང་ཆུབ་སེམས།། ལུགས་དང་ལུགས་མིན་ཚུལ་གྱུར་པས།། ཕྱི་ནང་གཉིས་སུ་བློས་འཁྲུལ་བཟུང་།།
5a2 འབྲས་བུ་གཉིས་ཐོབ་སྣང་མེད་གླེང་།། ཀློང་ལྔས་ལྷག་པའི་དོན་གཞན་མེད།། གཞི་རྟོགས་གཞི་བཞུགས་འབྲས་ཐོབ་སྟེ།། བདག་དོན་གྲུབ་པས་མྱ་ངན་འདས།། འགགས་ཕྱིར་ཐར་པ་རོ་བྲལ་ཡང་།། རང་བྱུང་མཁའ་མཉམ
5a3 ཀློང་དུ་ཅིག། གཉིས་རྟོགས་ལམ་ལྔ་ས་བཅུ་ཡིས།། ཕ་རོལ་ཕྱིན་དྲུག་བཅུར་ལྡན་པས།། མཐའ་ཐུག་མེད་པར་བགྲོད་བཙལ་ཡང་།། རང་བྱུང་ཉིད་ལ་ཐམས་ཅད་འདུས།། དཀའ་ཐུབ་ཉིད་ཀྱིས་ལུས་གདུངས་ཤིང་།།
5a4 མཐོ་དམཱན་གཙང་རྨའི་ཚུལ་གཟུང་ནས།། མ་ལུས་གསུམ་འདོད་དེན་དུ་ཉམས།། དེ་ཉིད་མཁའ་མཉམ་ཀློང་གི་དང་།། གཉིས་བཞུགས་རྗེསྣ་འཐུན་ཚུལ་འཛིན་ཅིང་།། ལྟ་སྤྱོད་གཉིས་ཀ་བྱེ་བྲག་སྤྱོད།། ཕྲ་མན་གནས་སྤྱོད་རིགས
5a5 བཞི་འཛིན།། རྟོགས་པས་ཕྱེ་ཡང་རང་བྱུང་དང་།། མཚན་མའི་ཆོ་ག་ལྔ་ཡི་ཚུལ།། འོག་མིན་སངས་རྒྱས་གཟུགས་སུ་ལྡང་།། དེ་ཉིད་རྟོག་པའི་གཟུགས་ཡིན་ཏེ།། རང་བྱུང་སེམས་ཉིད་ཀློང་གི་སྐུ།། ཁམས་དང་འདུ་བྱེད་རང་གི་ལྷ།
5a6 མ་སྐྱེས་དང་ལ་ཁྲོ་ཞིང་སྐྱེསོ།། ངང་ཉིད་རང་བྱུང་སེམས་ལས་མེད།། དབྱིངས་ལས་ཡེ་ཤེས་སྐུར་ལྡང་བ།། མཁའ་ལ་གཟའ་སྐར་བཀྲམ་པའི་ཚུལ།། དོན་དུ་གཉིས་མེད་གཅིག་གི་དང་།། དེ་ཉིད་རང་བྱུང་ཆུབ་སེམས།
iiif viewer powered by OpenSeadragon
4b - 5b