e-texts navigator
Collection
Volume
Page
Wylie

4a1 ནོར་བུ་ཀུན་འཆང་བ།། དཔག་མེད་ན་མཁའ་རྒྱས་པའི་མཛོད།། འཆིང་གྲོལ་མེད་པས་ཡཱ་སངས་རྒྱས།། ཆེ་བའི་ཆེ་བ་ཀུན་ལ་ཁྱབ།། སྒོམ་དུ་མེད་དེ་ཐིག་ལེའི་དོན།། བརྗོད་དུ་མེད་པས་ཚིག་དང
4a2 བྲལ་སྟོང་ཆེན་ཉིད་པས་སྟོང་རྟོག་བྲལ།། ནམ་མཁའ་རང་བྱུང་རྟག་པའི་སྐུ།། ཀུན་གྱི་ཐུགས་རྗེ་ཁྱབ་པའི་ཕྱིར།། འདོད་ཆགས་ན་མཁའ་མཉམོ་སྦྱར་བས།། མཐའ་དང་བྲལ་བས་དབུ་མའི་ལམ།། ཀུན་བྱེད
4a3 སངས་རྒྱུས་ཀུན་གྱི་མཆོག། ནམ་མཁའ་ལས་བྱུང་རང་བྱུང་བ།། ཀུན་འདས་བྱ་བྲལ་རྫོགས་པའི་ཀློང་།། བསྡུ་མཛད་ཁྱབ་མཛད་ནད་སལ་བ།། སངས་རྒྱས་ཀུན་པས་སྔར་སངས་རྒྱས།། ཀུན་གྱི་བདག་པོ་རྨད་དུ
4a4 བྱུང་།། རྡོ་རྗེ་ཉིད་ཆེན་འབར་བ་ལྟར།། ཀུན་ལ་སྣང་བས་སྤང་ལེན་མེད།། ནམ་མཁའ་རྒྱས་པའི་མཐའ་དང་མཚུངསོ།། བསྟན་པའི་འབྱུང་གནས་རྫོགས་པའི་ལུང་།། མཁའ་ལྷོར་ཁྱབ་ཅིང་ཀུན་ལ་བཞུགས།།
4a5 སྐྱེ་མེད་ཡེ་ཤེས་རྡོ་རྗེ་སེམས།། ཆོས་ཀུ་ཀློང་ཡངས་པད་མའི་ངང་།། དུས་གསུམ་དུས་མེད་དུས་ཀྱི་དབྱིངས།། ཀུན་ཏུ་བཟང་པོ་ཆོས་ཉིད་དང་།། དབྱེ་གསལ་བླང་དོར་མེད་པའི་ས།། སྐུ་ནི་ཁམས་གསུམ་ཀུན
4a6 ལ་ཁྱབ།། གསུང་ནི་ནམ་མཁའི་ཁམས་སུ་སྦྱོར།། ཐུགས་ནི་རྣམ་པ་ཀུན་མཁྱེན་ཉིད།། ཡོན་ཏན་འཕྲིན་ལས་ཀུན་ལ་སྣང་།། ཡང་རབ་སྤངས་མཐའ་འདིར་རྫོགས་ཕྱིར།། བདེ་ཆེན་ཀློང་གི་རྒྱུད་གསུངས་སྟ།




iiif viewer powered by OpenSeadragon

3b - 4b

Texts on this page

Gbr004.24 - byang chub kyi sems rdzogs pa chen po mkha' mnyam klong gi rgyud kyi rgyal po