e-texts navigator
Collection
Volume
Page
Wylie

3b1 དེ་ཕྱིར་ཀྱེ་ཀྱེ་བཅོམ་ལྡན་འདས།། ཡི་གེ་མེད་པའི་རྒྱུད་འདི་གསུངས།། སྐྱེ་འགག་མེད་པའི་དོན་འདི་རྩོལ།། རིག་པའི་རང་བྱུང་ཀློང་འདི་སྟོན།། རང་བྱུང་ཀློང་ཆེན་དོན་དགྲོལ་མཛོད།། ཅི་ཕྱིར་རང་དག་པའི་མཁའ།།
3b2 ཅི་ཕར་སེམས་ཀྱི་ཀློང་ཆེན་ཤར།། གང་ཕྱིར་བསླབ་དུ་མེད་གསུངས་ཅང་།། གང་ཕར་སྐྱ་ཤི་འདུ་འབྲལ་མེད།། ཅི་ཕྱིར་བགྲོད་རྩོལ་ཡེ་ནས་མེད།། ཐེག་པའི་རྒྱལ་པོ་ཆོ་ག་གང་།། ཡེ་སངས་རྒྱས་པའི་གླེང་འདི་གང
3b3 སངས་རྒྱས་སེམས་ཅན་ཇི་ལྟར་ཅིག། མཁའ་མཉམ་གནས་པའི་ཚུལ་འདི་ལྟར།། དཔེ་དང་ཚུལ་གྱི་ཚད་མ་གྲང་།། རྟོག་དང་སྒྲིབ་པ་ཇི་ལྟར་བལྟ།། ཁྱབ་པ་ཆེན་པོའི་ཚད་ཅི་ལགས།། འབྲས་བུ་ཡོད་མང་ཚུལ་ཇི་ལྟ།།
3b4 དྲིའི་མཚན་ཉིད་སྣང་ཚུལ་ཅི།། ནམ་མཁའི་མཐའ་དང་མཉམ་སྦྱོར་བས།། འགྲོ་བ་སྐྱོབ་པའི་ཚུལ་ཉིད་ཅི།། སྐལ་ལྡན་བསྟན་པའི་གནས་འདི་ཅི།། འཇུག་པའི་ལམ་ཚུལ་ཇི་ལྟར་བདེ།། ཐབས་ལ་དགག་སྒྲུབ
3b5 ཇི་ལྟ་བུ།། སྤྱོད་དང་དམ་ཚིག་ཁྱད་པར་ཅི།། ཤེས་རབ་སྦྱོར་བའི་ཚུལ་ཇི་ལྟར།། མཐར་ཕྱིན་གནས་པའི་མན་ངག་དུ།། ཡེ་ཤེས་ཉི་མ་བཅོམ་ལྡན་འདས།། རང་བྱུང་ཐིག་ལེ་བཅོམ་ལྡན་འདས།། རང་བྱུང
3b6 རྒྱལ་བའི་བཅོམ་ལྡན་འདས།། རྒྱུ་མེད་རྐྱེན་བྲལ་བཅོམ་ལྡན་འདས།། རྩོལ་བའི་ཆུ་བོ་འཇོམས་པའི་མཆོག། གདོད་ནས་དག་པ་དེ་བཞིན་གཤེགས།། ནམ་མཁའི་མཐའ་ལ་རབ་འབྱོར་པ།། ཡིད་བཞིན




iiif viewer powered by OpenSeadragon

3a - 4a

Texts on this page

Gbr004.24 - byang chub kyi sems rdzogs pa chen po mkha' mnyam klong gi rgyud kyi rgyal po