e-texts navigator
Collection
Volume
Page
Wylie

3a1 རྫོགས་པའི་ངང་།། སྟོང་ཆེན་རབ་འཇམ་མཁའ་མཉམ་ཀློང་།། ཞུགས་པ་མེད་པས་སླར་མི་ལྡོག། དེ་ཕྱིར་སྟོན་པ་གནས་དུས་དང་།། བཤད་པའི་ཆོས་ང་ཉན་པ་དང་།། ང་ལས་ང་སྣང་བ་འགག་མེད།
3a2 ངས་བྱས་ངར་འདུས་དཱ་ལ་རོལ།། ཨེ་མ་ཧོ་རང་བྱུང་འོད་གསལམ་བྱས་དེ་བཞིན་དབྱིངས་ཉིད་བཅོས་མེད་སྙིང་པོ་དེ།། གདོད་ནས་བསྒྲིབས་མེད་དགེ་སྡིག་ཡས་ཀྱིས་བཅོས་མེད་བདག་ཉིད་རྫོགས་ཆེན་ཀློང་།། མཉམ་དང་མི་མཉམ
3a3 རང་བྱུང་དག་པ་ཆོས་དབྱིངས་ཡེ་ཤེས་མཁའ་མཉམ་ཀློང་།། ཅི་ཡང་མ་ཡིན་གོང་དུ་ཡང་མ་འགགས་བདེ་ཆེན་ཀུན་གཞི་ཟབ་མོའི་ཀློང་ཧོ།། བྱང་ཆུབ་ཀྱི་སེམས་མཁའ་མཉམ་ཀློང་གི་རྒྱུད་ཆེན་པོ་ལས་གླེང་བཞིའི་ལེའུ
3a4 སྟེ་དེང་པོའོ།། །། དེ་ནས་གསང་བདག་སྟོབས་པོ་ཆེ།། སྙིང་པོ་བྱང་ཆུབ་དཔལ་ལྡན་སྐུ།། རྡོ་རྗེ་འཆང་ཆེན་རྡོ་རྗེ་སེམས་དཔྲལ།། པད་མའི་སྤྱན་ལྡན་དངས་པས་ཞུས།། གཙོ
3a5 བོ་རྡོ་རྗེ་འཛིན་རྒྱལ་པོ།། དཔག་ཏུ་མེད་པའི་རྡོ་རྗེ་འཆང་།། གསང་བའི་ཡང་གསང་སེམས་ཉིད་ང་།། ཆོས་སྐུ་བརྗོད་བྲལ་དབྱིངས་ཉིད་ཀློང།། འོད་གསལ་ཐིག་ལེ་ཀུན་ལ་སྙོམས།། ཐིག་ལེ་དྲུག་ལྡན་དབྱིངས་ན་བཞུགས
3a6 ཆེ་བ་ལྔ་ལྡན་སྤོགས་པའི་སྐུ།། ངེས་པ་ཅག་ལས་འདའ་བ་མེད།། ཁྱོད་ནི་ན་མཁའི་རང་བཞིན་ཏེ།། བདེ་མིན་སྡུག་མིན་བླང་དོར་མང།། སྐྱེ་མེད་འགག་མེད་རྟག་ཆད་མེད།། ཁ་དོག་དབྱིབས་མེད་སྤྲོས་ལས་འདས།།




iiif viewer powered by OpenSeadragon

2b - 3b

Texts on this page

Gbr004.24 - byang chub kyi sems rdzogs pa chen po mkha' mnyam klong gi rgyud kyi rgyal po