e-texts navigator
Collection
Volume
Page
Wylie

2b1 འབྲང་བའི་གཞལ་ཡས་ན།། འགྱུར་བ་མེད་པའི་ལྷུན་ཏུ་བཞུགས།། ནམ་མཁའ་དང་ནི་མཉམ་པའི་གནས།། མཁའ་མཉམ་ཀློང་ལ་རྟག་ཞུགས་པས།། ནམ་མཁའ་མཐའ་ལ་ལོངས་སྤྱོད་ཅིང་།། ཐམས་ཅད་མཁྱེན
2b2 པའི་ཡེ་ཤེས་མཚེ།། རྣམ་པར་སྣང་མཛད་མི་བསྐྱོད་པ།། རིན་ཆེན་འབྱུང་དང་སྣང་མཐའ་ཡས།། དོ་ནི་ཡོད་གྲུབ་པ་རིམ་བཞིན་དུ།། འབྱུང་ཆེན་ཀློང་དུ་མཉམ་པར་བཞུགས།། གཞོན་ཡང་གསང་བདག་རྡོ་རྗེ་འཚོ
2b3 སེམས་དཔའ་སེམས་མ་རྡུལ་སྙད་དང་།། ཁྲོ་བོ་ཁྲོ་མོ་མཁའ་མཉམ་དང་།། ཁམས་གསུམ་མཐའ་ཡས་སྐྱེ་བོ་དང་།། གྲངས་མིང་རྡུལ་ཕྲན་དང་མཉམ་པ།། ཆོས་ཀྱི་དབྱིངས་དང་མཉམ་པར་བཞུགས།།
2b4 རྡོ་རྗེ་འཆང་ཆེན་གསང་བ་འཆང་།། ཀུན་དང་མཉམ་ཉིད་མཉམ་པའི་སྐུ།། བདེ་ཆེན་ཆོས་ཕྱིང་མཉམ་སྦྱོར་བ།། ཐིག་ལེ་སྒྱུ་མད་ཀློང་དུ་མཉམ།། འགྱུར་བ་མེད་པའི་ཆོས་ཀྱི་སྐུ།། ཐིག་ལེ་གཙོག་གི་རང་བཞིན
2b5 བས། སྤྲོབ་མེད་ཅིང་བསྡུ་བ་མེད།། སྐུ་གསུང་ལྔ་སྩོགས་རྣམ་གྲངས་ཀྱང་།། བདེ་ཆེན་སེམས་ཉིད་ཀློང་གི་ངང་།། སྐུ་དང་གསུང་ཐུགས་ཟབ་མོ་ཡང་།། སྤྲོས་པ་མེད་པའོ་ཐིག་ལེར་གཅིག། སྟོན
2b6 པ་དཔག་མེད་རྒྱས་པ་ཡང་།། གནས་ནི་དེ་བཞིན་དབྱིངས་ཉིད་དང་།། འཁོར་ནི་གྲངས་མེད་རྡུལ་རྙེད་དང་།། དུས་ནི་དབྱིངས་ཉིད་རང་སྣང་དང་།། སྡུད་པ་དབྱིངས་འདུས་བདེ་ཆེན་དང་།། བསྟན་པ་ཁྱབ་བདལ




iiif viewer powered by OpenSeadragon

2a - 3a

Texts on this page

Gbr004.24 - byang chub kyi sems rdzogs pa chen po mkha' mnyam klong gi rgyud kyi rgyal po