e-texts navigator
Collection
Volume
Page
Wylie

8a1 རྗེསུ་འཐུན་པའི་གཱཞི་དང་བཅས།། འཇུག་པའི་རྒྱུའི་རིམ་དང་བཅས།། སྨན་པའི་ཁྱད་པར་ཀུན་སྤངས་པའི།། ཀུན་རྫོཊ་ཚངས་པའི་དབང་བསྟན་ནས།། བརྡའ་དོན་སྒྲོལ་བའི་རིམ་པ་ཡི།། ཊུ
8a2 བཏོལ་རྩུ་བ་རྒྱུད་མན་ངག་སྦྱིན།། འཕྲུལ་གྱི་མེ་ལོང་དགུ་བསྐོར་བཞིན།། རྒྱལ་པོ་མངོན་གྲུབ་མན་ངག་སྦྱིན།། གསལ་བྱེད་རིན་ཆེན་འབར་བ་བསྟེན།། མི་འགྱུར་བརྟན་པའི་སྤྱོད་བསྐུར་ལ།། དྲན་པ་རྐྱེན་གྱི་མན
8a3 དྲག་སྦྱིན།། དྲན་རྟོག་རླུང་གིས་བསྐྱོད་བྱེད་པས།། གཡོ་འཛིན་རླུང་གི་མོན་ངག་སྦྱིན།། སཾ་ས་ཉིད་མི་བསྟན་འཕྲོས་འཆེལ་བས།། བདེ་བའི་ཐིག་ལེའི་མན་ང་གྲ་སྦྱིན།། རིན་རང་བྱུང་བྱིན་བརླབས་པས།།
8a4 མི་འགྱུར་བསྟན་པའི་སྤྱོད་པ་ཅན།། བརྟན་ནས་མ་འགྱུར་ལྷུན་གྱི་ཚེ།། བདེ་ཆེན་རིག་པས་བསྒྲུབ་པར་བྱ།། དང་པོའི་ཡན་ལག་བསྟན་བྱ་བ།། གནས་དང་དཀྱིལ་སློབ་དཔོན་དང་།། སློབ་མ་དག་དང་འཇུག
8a5 རིས་དང་།། དུས་དང་འཇུག་པའི་ལྟོ་ནོ།། གནས་ནི་རྣམ་པ་གཉིས་གསུངས་ཏེ།། གཞིའི་གནས་དང་བརྟེན་པའི་གནས།། ཐུ་དུ་རང་རིག་སེམས་ཉིད་དེ།། རྒྱུ་དང་བྲལ་བའི་དངོས་གཞི་ཉིད།། བདེ་ན་རྒྱལ་བ་མ
8a6 ལུས་དང་། རྒྱུད་དྲུག་སངས་རྒྱས་ཐད་ཀྱི།། བཞུན་གནས་རྨད་བྱུང་ཁྱད་བར་ཅན།། ཚད་དང་བྲལ་བའི་རིན་ཁང་།། མི་འགྱུར་རྡོའི་རྒྱུ་ལས་བྱུང་།། རང་བྱུང་ཡིས་གཞལ་ཡས་ཁང་།། སེཾས་ཉིད་གནས་ལ་གནས་པ




iiif viewer powered by OpenSeadragon

7b - 8b

Texts on this page

Gbr004.1 - chos thams cad sems nyid ye shes rgyal po zhes dngos grub rang byung dbang bskur ba'i rgyud