e-texts navigator
Collection
Volume
Page
Wylie

7b1 ཐཾད་ཀྱིང་།། གསང་བའི་བདག་པོར་བཀའ་སྒོ་བ།། གསང་འཛིན་རྡོ་སེ་དེའི་ནི།། སུཾ་བཅུ་རྩ་གསུཾ་བུཾ་ཐོཊ་ཏེ།། སྲོག་ཤིང་རྡོ་རྩེ་དགུ་པར།། གསེར་གྱི་འཁོར་འབར་བ་བཞག། གསང་བའི་གཏེར་འཛིན་པདག་པོར་བཱསྨཱ།
7b2 དགའ་རབ་རྡོ་བདག་ཉིད་ཀྱང་།། བདེ་བ་བཟང་སྐྱོང་བུ་ཐུའོ།། ཀུན་དགའ་སྙིང་པོ་བྱ་བ་ཡིན།། ལ་ག་ན་རྡོ་གསང་བདགིས།། འཁོར་ལོ་འབར་བའི་ལྟེ་བར་བཞག། ནམཁའི་མཐའ་དང་མཉམ་པའི་རྒྱུད།། ཀློང་དགུ་བཾ་པོ་ཉི་ཁྲི
7b3 གསུངས།། སྤྱི་བླུགྲ་ཚངས་པའི་དབང་བསྐུར་ནས།། དུས་མཐའ་ཉིད་ཀྱིས་ལ་དགྲོད།། འཛམ་གླིང་འཇིང་དང་རྒྱལ་འཐེབ་བྱ།། སེཾ་ས་རྒྱུད་རིག་པའི་ཐོར་ཅོག་ཅན།། རྒྱལ་གྱི་རིཊ་ཅན་དྲ་མའི་ཡུལ།། ཕུག་ཏུ་གསལ་བའི་ག
7b4 རབ་བཅས།། ལུང་གསུམ་རྒྱུད་པའི་རྩ་བའི་དོན།། དགུ་རུམ་སྦས་པའི་མན་ངག་འདི།། སེམས་ལ་བརླན་ཞིང་བདེ་ལ་དགོད།། ཡིད་ལ་གནག་ཅིང་དོན་ལ་བཅང་།། བཀའ་ཡི་བདེ་ཆེན་མ་མཐོང་བ།། ཕྱི་ནང་བརྒྱུད་པའི་ལུང་ལ
7b5 བརྟེན། ལུས་ངག་སེཾས་ཀྱི་བྱེ་བརྩལ་གྱིས།། སྐམ་ཆར་འདོད་པའི་ཆུ་བོ་བསྐྱེད།། བདེ་ཆེན་སྲོག་དང་བྲལ་མཐོང་ནས།། གསལ་བར་གྲན་སུ་དབུར་ཆེན་ཕྱུང་།། འཕྲུལ་མིག་རྡོ་ཟམ་པ་འདི།། བཀའི་ཐུཊ་ཀྱི་སྙིང་ཁུ་འདི།།
7b6 ངང་པས་འོ་མ་བསྡུས་པ་འམ།། འཇོག་པོས་རིན་སྒྲམ་ཕྱུང་སྟེ།། རྒྱ་མཚོ་ཀློང་གི་ཁ་བརླབས་བཞིན།། བཀའ་ཡི་བདུད་རྩི་འདུས་པ་ཡིན།། སྤྱི་བླུགས་ཚངས་པའི་དབང་ཆེན་འདི།། ཐབས་ཀྱི་རྒྱལ་བློ་རིམས་བསྟན་པ།།




iiif viewer powered by OpenSeadragon

7a - 8a

Texts on this page

Gbr004.1 - chos thams cad sems nyid ye shes rgyal po zhes dngos grub rang byung dbang bskur ba'i rgyud