e-texts navigator
Collection
Volume
Page
Wylie

2b1 འཇིག་རྟེན་པའི།། ཆོས་རྣམས་མཱ་ལུས་ཐཾད་ཀུན།། བྷྱོཌ་ཏེ་རང་བཞིན་ལྷུན་གྱིས་གྲུབ།། ཐཾད་བདག་ཉིད་རང་དབང་བས།། བསྐུར་བའི་ཆ་གཉིས་མི་རྟོག་ཀྱང་།། གདོན་སྒྲོལ་བའི་མན་ངག་སྦྱིན།། རེ་དོན་མེད་པའི་སེཾས་ལ་བསྟན།།
2b2 འབྱུང་འཇུག་མེད་པའི་དབྱིངས་ལ་ཐིམ།། དྲན་པ་རྐྱེན་གྱི་མན་ངག་སྦྱིན།། དྲན་རྟོག་རླུང་གི་གཡོ་བས་སྤྱད།། གཡོ་འཛིན་རླུང་གི་མན་དགྲ་སྦྱིན།། རྟོག་པའི་རླུང་གི་དྲན་བསྐྱོད་ཅིང་།། མཚན་མའི་སྤྲོས་པས་འཚལ་བཱ་ལ།། འདྲེ་བལ
2b3 ཐིཐིག་ལེའི་མེན་ངག་སྦྱིན།། སེམས་ཀྱི་རྣམ་གྲངས་གང་དང་གང་།། དེ་དང་དེའི་རྗེས་མཐུན་པར།། རྡོ་རྗེ་ཟམ་པར་མ་ཆད་པའི།། བླ་མ་རི་ན་སྲོག་འགྱུར་ཏེས།། དེ་དེའི་སྒོ་ནས་གཏེར་ཁ་དབྱེ།། དེ་ཉིད་སྒོ་ཀུན་ཕྱེ་བ་ཡིན།། དབྱིགི
2b4 རྫས་དང་ཕྲད་པ་ཡིན།། དཔེར་ན་ལྷའི་ནོར་བུ་ལ།། མཎྜལ་བརྩེར་པའི་སྒོ་བཞི་ཡོད།། གང་ཕྱེ་ཡང་དེ་ཉིད་ཐོབ་པར་འགྱུར།། འདི་ནི་ཐབས་རྒྱལ་རིན་ཆེན་ཏེ།། རྩོལ་དང་བྲལ་བའི་དངོས་གྲུབ་ཡིན།། རྒྱུ་འབྲས་མེད་པའི
2b5 ཟར་ཕྱིན་ཡིན།། སྔ་ཊ་ཚིག་བྲལ་བའི་ནུས་མཐུ་ཡིན།། ཐ་སྙད་བྲལ་བའི་དོན་མཚོན་ཡིན།། ལས་བཞི་བྲལ་བའི་དོན་གྲུབ་ཡིན།། འཆང་བྲལ་སྟོན་པས་ལྟ་བ་ཡིན།། འདའ་བ་མེད་པ་སུ་དམ་ཚིག་ཡིན།། རྟོག་འཛིན
2b6 སྤངས་པའི་སངས་རྒྱས་ཡིན།། ཐཾད་རོལ་པས་འཁོར་བའང་ཡིན།། ཐེག་པའི་རིམ་པ་མ་ལུས་དང་།། རྒྱས་པའི་ཐུན་བཅུད་དངོས་གང་ཡིན།། ཐད་གཅིག་དངོས་ཀུན་གྱི་བདག། འདི་ནི་རྒྱལ་བ་ཐ~ཾད་ཀྱི།། ཐུར་ཀྱི་གནག




iiif viewer powered by OpenSeadragon

2a - 3a

Texts on this page

Gbr004.1 - chos thams cad sems nyid ye shes rgyal po zhes dngos grub rang byung dbang bskur ba'i rgyud