e-texts navigator
Collection
Volume
Page
Wylie

24a1 ཀྱི་ཡཾས་དགུག། དཔེར་ན་རཌ་པ་གྱེན་རྒྱུའི་རླུང་།། ཀུན་དྷར་འཕྲ་བའི་རླུང་བཞིན་དུ།། གསང་བའི་པདྨ་ལྟེ་བ་ནས།། ནངས་འདུས་པའི་ལྟེ་བ་ལ།། ཤིན་ཏུ་ཕྲ་ཞིང་དལ་བ་ཡིས།། ཡཻ་སྭ་རླུང་དུ་ལྷུན་གྲུབ་པའི།
24a2 བདེ་བ་ཆེན་པོའི་རྒྱུ་བ་བྱ།། རླུང་གི་ཐུན་ཕྱེད་ཕྱེད་དག་ཏུ།། སྟོབས་ཀྱིས་བསྡམས་པའི་ནུས་འགྱུར་ན།། དེ་ནས་རྒྱུ་བ་མེད་པར་བསླབ།། ལུས་སྲང་བདེ་བའི་བག་ཡངས་ཀྱིས།། ཨོཾ་དང་ཧཱུཾ་དུ་བཞར་བ་ཡིན།། གསང་བའི་ལྟེ་བར་དམི།
24a3 བྱ་སྟེ། རྔུབ་དང་འབྱུང་བ་ཡང་རིམས་བཞིན་ཏེ།། བ་ག་བདེ་བ་རྒྱས་པར་ཟུང་།། ལུས་ཟུངས་དབུས་དང་བཅུད་དུ་བསྲེ།། དེ་ལ་མཐུན་པའི་རྟཌ་འབྱུང་སྟེ།། རེག་པས་ལུས་ཟུང་རྒྱས་འགྱུར་ཏེ།། བདེ་བ་ཆེན་པོའི་ཡིས་སྐྱེ།། སའི་སྒོ
24a4 དང་དབང་པོའི་ལམ།། ཀུན་ཏུ་སྤྱོད་དུ་འཇུག་ལྡང་མེད།། འཕྲོ་བ་མེད་པའི་དགག་པ་འགྲུབ།། དབང་པོའི་ལམ་ནས་རང་རིག་ཏུ།། ཡིས་ཆེན་པོ་འདྲེས་ནས་འབར།། དེ་ཉིད་སྟོབས་ཀྱིས་མ་ལུས་འདྲེས།། བསྐལ་པ་དུ་མའི་དབུ
24a5 ཀྱང་བསྡུད།། གནོད་པ་མེད་པར་བསྡམས་པས་འགྲུབ།། འདི་ནི་ཐབས་ཆེན་གསང་བའི་ལམ།། བདེ་བ་ཆེན་པོའི་རྒྱས་འདེབས་པས།། རོལ་པའི་ཀླུངསུ་ཕེབས་པ་ཡིན།། དེ་ནས་བདག་ཉིད་རང་བྱུང་གིས།། བདེ་བ་ཆེན་པོའི་ཐིག
24a6 ལེར་གསལ།། རང་གི་མཚན་ཉིད་མ་བཅོས་པའི།། བདེ་བའི་འོད་ཀྱིས་རང་ལུས་གསལ།། རང་བྱུང་བདེ་བའི་ཕུར་པ་ཐེབས།། ཕྱོར་བཅུ་མ་ལུས་ཐ~ཾད་ཀུན།། ཡཾ་ས་ཆེན་པོའི་འོད་ཀྱིས་ཁྱབ།། ཡིས་སྐུའི་འོད་ལ་བཞུགས།། རང་བྱུང




iiif viewer powered by OpenSeadragon

23b - 24b

Texts on this page

Gbr004.1 - chos thams cad sems nyid ye shes rgyal po zhes dngos grub rang byung dbang bskur ba'i rgyud