e-texts navigator
Collection
Volume
Page
Wylie

23b1 ཐབས་ཀྱི་བྱིན་བརླབས་སྨ་བ་པོ་ཆེ།། བདེ་བའི་རོལ་པཱ་ཡཻ་ས་སྐུ།། འབད་རྩོལ་བྲལ་བའི་ཡིས་ལས།། ལྷུན་གྲུབ་ཐབས་ལ་མཁས་པས་འགྲུབ།། ཡཻས་རང་རིག་ཆེན་པོ་ལས།། ངང་གིས་མི་བཟློག་ཐབས་ཀྱི་མཆོག། སྐྲ་ལྡན་ཡཻས
23b2 རྒྱལ་པོ་དེས།། བར་པའི་ཐུན་འཚེས་བཅུ་གཉིས་ཀྱིས།། ཡཻས་རིག་པའི་ཕྱར་པ་ཐེབས།། རྟོག་པ་འཇོམས་པའི་རླུང་དང་བྲལ།། འདོད་པས་དམི་པའི་ཡུལ་དང་ཕྲད།། མཐར་ཕྱིན་དུས་མཚམས་ཅིག་གིས་ཀྱང་།། ཡིས་ཐིག་ལེའི
23b3 དངོས་གྲུབ་ཐོབ།། བདེ་བ་ཆེན་པོའི་བསྒྱུར་བའང་ཐོབ།། འདི་ནི་ཐར་པའི་ལམ་མཆོག་སྟེ།། རྒྱུ་འབྲས་མེད་པའི་ཐར་ཕྱིན་ཡིན།། དང་པོ་རཊཱ་པའི་རླུང་བཟུང་སྟེ།། ཉིན་དང་མཚན་གྱི་དུས་གཉིས་ལ།། ཉི་ཁྲི་ཆིག་སྟོང་དྲུག་རྒྱ་བཅུ།། འཕོ་བའི
23b4 ཐུན་འཚམས་བཅུ་གཉིས་ཏེ།། ཀུན་དར་འཕོ་བའི་གཅིག་ཡིན་ཏེ།། སཱིཊ་མ་བཅུ་གཅིག་འཕོ་བ་ཡ་ནི།། དངས་མའི་འཕོ་བ་ཐིམ་པར་བྱ།། དེ་ཉིད་རིམ་པ་འདི་ཡིན་ཏེ།། ཡིས་འཇའ་མཚོན་ལྟ་བུའི་འོད།། བདེ་བ་ཆེན་པོའི་ཡིས་ཏེ།། ཁཾས་གསུཾ
23b5 རང་བྱུང་ཡིས་སྐུ།། མི་གཡོའི་ཐིག་ལེ་དག་བྱ་སྟེ།། རྔུབས་པས་རྐྱལ་བ་བུས་པ་ལྟར།། སྤྲོས་པས་དེ་ཉིད་བཤོས་པ་ལྟར།། ཡིས་རླུང་གིས་སྟོང་པར་བྱ།། ཨཾ་པད་འདས་ནས་ལྗང་གྲི་བར།། གཡོ་མེད་རང་བྱུང་ཐིག་བྱ།། དེ་ནས
23b6 ཐིག་ལེའི་རྟ་ཌ་བྱུང་སྟེ།། ཁས་སྙོམས་རང་ལུས་བདེ་བས་གང་།། ཉམས་དང་བྲལ་ནས་ཁ་ལ་འདུག། ཚོར་བ་བདེ་བ་ཆེན་པོར་སྐྱེ།། རྒྱུ་བ་གསལ་ཞིང་བྱ་བྲལ་ནས།། དེ་ནས་བདེ་བ་ཕྲ་བ་ཡི།། ཡེས་རླུང་ལ་བསླབ་པར་བྱ།། དེ་ཉིད་ཐབས




iiif viewer powered by OpenSeadragon

23a - 24a

Texts on this page

Gbr004.1 - chos thams cad sems nyid ye shes rgyal po zhes dngos grub rang byung dbang bskur ba'i rgyud