| | e-texts navigator
|
19b1 པ་མ་ལུས་ཆོས།། མགོ་དང་ལུས་དང་ཡན་ལག་རྣམས།། བདེ་བའི་འཁོར་ལོ་རིམ་པས་རིམ།། གནས་དང་འཐུན་པའི་སྤྱོད་པ་བྱ།། བདེ་བ་ཆེན་པོའི་དབུཊ་ཕྱུང་ནས།། བདེ་ཊ་རྒྱལ་བ་ཐ~ཾད་ཀྱིས།། རང་བཞིན་བདེ་བའི་འཁོར་ཉིད།།
19b2 རྒྱལ་དང་བྲལ་བའི་མངོན་སུ་པ།། ཐ~ཾད་ཡིས་བུདེ་བ་དབབ།། བདེ་མཆོག་མུ་ཁའི་མན་ངག་སྦྱིན།། མཚན་ལྡན་གང་རུང་རྒྱལ་མ་དྲེས།། འོག་སྒོ་བདེ་བའི་རོལ་པ་བྱ།། རྩ་མདུད་བགྲོལ་དང་བདེ་བ་བསྐྱུག། བྲང་དུ་སྒོ་སྒོ་སྦྱར
19b3 བྱས་ཏེ། བདེ་བ་འདོད་པ་གསུཾ་ལག་གིས།། ཡིས་རྒྱལ་པོ་རིག་པར་བྱ།། འོག་ཏུ་སྐུག་ཅིང་སྤྲིན་མ་ལངས།། མིག་དམར་དེ་བཞིན་མདོག་དམར་ཏེ།། ཡིས་རིམ་པ་སྤྲོ་བར་བྱ།། སྦྱར་བའི་ཡན་ལོགཱ་སྔ་མ་བཞིན།།
19b4 རྩ་མདུད་ལག་གིས་གཟུང་བྱས་ཏེ།། ཀ་རི་ཆོས་ཀྱང་རིམ་པར་བྱ།། རྩོ་མགོ་ལག་གླི་མནན་བྱས་ཏེ།། འཕར་བ་བཅད་ཙམ་རྒྱུ་བ་དཔྲལ།། གྲུའི་ཁ་ནི་ཤིན་ཏུ་དབྱེ།། དང་བས་བ་སྤུ་ལྡང་བ་དང་།། ཆུའི་ཟིལ་པ་མདོག་བདེ
19b5 བླ། རང་ལུས་མཆོག་གི་ཐད་ཀར་དབྱུང་།། དེ་ནས་བདེ་བའི་རིམ་པ་གཞན།། ལེན་པའི་སེམས་ཀྱིས་བཅད་པར་བྱ།། འདབ་བཞི་ལྟ་བའི་ཡིས་གནས།། མ་ཕྱིན་བདེ་བས་གང་འགྱུར་ཞིང་།། མི་བཀྲུག་པ་གཡོས་གྱུར་ནས།།
19b6 རིན་ཡིས་རྫིང་རྒྱས་ཏེ།། འདོད་དང་བས་གཏན་བདེ་བ་འབྱུང་།། འཁྱིལ་བའི་ཐིག་ལེ་བཞི་སྒོ་ནས།། འཇིག་རྟེན་པ་ཡི་བདེ་བ་འབྱུང་།། རྡོའི་སྒོ་འཁྱིལ་བའི་རྩ་མཁལ་མའི་བཅུད།། བདེ་བ་དབལ་པའི་རྩ་སྒོ་གསུཾ།། འཕེལ་བས
iiif viewer powered by OpenSeadragon
19a - 20a