e-texts navigator
Collection
Volume
Page
Wylie

14b1 སེམས་ཉིད་དེ།། དེ་ཉིད་དེ་ལས་གསལ་བ་དང་།། དེ་མ་གྲུབ་པས་དེ་བཟློག་པས།། དེ་ཉིད་དེའི་རང་བཞིན་ཏེ།། དེ་རིག་དེ་སྣང་དེ་ཁོ་ནའོ།། ཉི་མ་འམ་རིན་འབར་བ་བཞིན།། འོད་དང་ངོ་བོ་དེ་ཉིད་ལས།། ཡུལ་དང་གཞན་གྱིས་བྱས་པ་མིན།། །
14b2 རིག་པའི་ཡཾས་སྐུར་གསལ་བ།། སེམས་ཉིད་དྲི་མ་མེད་པ་ལ།། ན་མཁའ་ཁམས་དང་སྦྱོར་བའི་སེཾ་ས།། འཛིན་པའི་རླུང་དང་དེ་ཉིད་རླུང་།། ལས་རླུང་རྟེན་པས་སྤྲད་པ་ཡིན།། དེས་ན་དེ་བཞིན་དེ་ལྟར་སྣང་།། སྣང་ཡང་དོར་བ་མེད
14b3 པ་ཡི་རྩཝ་གཉིས་མེ་བདེ་བའི་ཡིས་ཡིན།། རང་བྱུང་ཡིས་རྩལ་མེད་པས།། བདེ་བ་ཆེན་པོའི་ངང་དུ་འཆར།། ལུས་དང་བྲལ་བའི་ངང་དུ་ནི།། དུས་གསུཾ་མཐར་གཏུན་འབྱུང་མི་འགྱུར།། དེ་བྲལ་དེ་ཉིད་དེ་མི་སྲིད།། ངོ་བོ་གཅིག་པས་མཉམ
14b4 རྫོཊ་ཡིན།། འདུ་འབྲལ་མེད་པའི་ཡིས་ཡིན།། རྒྱུ་དང་བྲལ་བས་རང་བཞིན་འབྱུང་།། མཚན་ཉིད་བྲལ་མཚན་གཞི་ཅན།། དེ་ནི་སྲིད་པར་མི་རུང་སྟེ།། བདགཱ་ལ་སྟོན་རྫོཊ་པ་དང་།། མེ་དང་ཚ་བར་བྲལ་བ་བཞིན།།
14b5 མངོན་སུམ་བདྲེ་བ་ཆེན་པོ་རཱ་གསལ།། བདེ་ཆེན་བདྲེ་བས་རྒྱས་གྱུར་ན།། ཡུལ་དུ་སྣང་བ་ཐིག་ལེ་ཡིན།། ཐིག་ལེ་འམ་བདེན་མ་རྒྱས་པའི།། རིག་པར་སྣ་དེ་ཡང་རྟོཿཔ་སྟེ།། ཡུལ་དང་བྲལ་ཡང
14b6 རྟག་འགག་ཡིན།། གཉི་སུ་སྣང་ཡང་མཚན་མ་ཡིན།། སྤྲོས་པ་བཀག་ཀྱང་རྨུ་ཌ་པ་ཡིན།། རང་ལ་རྫོཊ་ཀྱང་ང་རྒྱལ་ཡིན།། སྟོན་བརྗོད་ཀྱང་བརྐམ་ཆེཊ་སྐྱེ།། དེས་ན་བདེ་བའི་རོལ་པས་རྒྱས།།




iiif viewer powered by OpenSeadragon

14a - 15a

Texts on this page

Gbr004.1 - chos thams cad sems nyid ye shes rgyal po zhes dngos grub rang byung dbang bskur ba'i rgyud