| | e-texts navigator
|
10a1 ཙབསམ་གཏན་གཞིའི་བདེ་བ་ཅན།། ཕྱི་རིམ་འཁོར་འདབ་བརྒྱད་ཅན།། ཐིག་ལེ་བཅུ་དྲུག་དེ་དང་འབྲེལ།། དང་པོ་གཉིས་ནི་རྟེན་མ་ཡིན།། བཅུད་དང་གཞི་ནི་འདོད་པ་ཡི།། ཐུན་མོང་བདེ་བ་ཉིད་ཡིན་ནོ།། གཉིས་ནི་རིན་རྫིང་གི་འགྲོ།།
10a2 འདུས་པའི་འདོད་མཚན་མེའི་འདྲམ།། ཐིག་ལེ་གཉིས་ནི་སྒྲོ་མེད་ཡིན།། རྒྱུན་རྣཾས་ཀུན་གྱི་ཐུན་མོང་གི། བདེ་བར་མྱོང་བར་བྱ་བ་ཡིན།། གཡས་གཡོན་འདུས་པའི་ཐིག་ལེ་མཆོག། ཁྱོད་འདུས་པའི་རྩེ་ཡིས་ཟིན།། ཆོས་ཀྱི་ཐིག་ལེ་དང་པོའི
10a3 བཅུད་རྟ་གཉི་སུ་འཁྱིལ་ཀྱིན་འཛག་པའི་རྩ།། ཐིག་ལེ་འཁྱིལ་པ་གཞི་གནས་ཏེ།། བདེ་བ་ཆེན་པོའི་གང་ནས་འཛག། འཁོར་བཟློག་དང་རྩ་གསུཾ་རྒྱས།། རང་བྱུང་བདེ་བའི་རྒྱུས་བཏབ་སྟེ།། རླུང་དང་ཡིས་དངས་མའི་བཅུད།། འདྲེས་པས་རྡོ་སྟེ
10a4 མའི་ཚུལ།། འཁྱིལ་ནས་བདེ་བའི་རོས་གང་ནས།། ཁཾས་གསུཾ་ཡིས་ཚོན་སྟེ།། ཇི་བཞིན་ཀླུངས་ཕེབས་པ་ཡིན།། བར་ཆད་རྐྱེན་དང་བྲལ་བ་ཡིན།། ཁྱོད་འཁོར་འདོད་པའི་ཁས།། བདེ་བ་ཆེན་པོ་གཟུཌ་མེད་པ།། དངོས་པོ་མེད་པའི་སྙིང་པོ་ཅན།།
10a5 བདེ་བ་འབྱུང་བའི་རྒྱུའི་མཆོག། ཁྱོད་བདེ་བའི་ཐིག་ལེ་ཅན།། རྣམ་དག་ཆོས་སྐུའི་རང་བཞིན་ཡིན།། རང་རིག་བདེ་བ་ཆེན་པོ་ལ།། རྒྱུད་དྲུག་ཁྱོད་གནས་ལ་སོཊ།། མྱ་ངན་འདས་པའི་སྐུ་གསུང་ཐུཊ།། མ་ལུས་རྫོཌ་པའི་དཀོར་ཏེ།། རང་གིས
10a6 སྦྱར་བའི་ཏིང་འཛིན་ཡུལ།། སྤྱན་འདྲེན་མོས་པའི་ཡིད་སྨོན་ཡིན།། བློ་ཡིས་སྦྱར་བ་རྟོར་པ་སྟེ།། བཅོས་མའི་ཐབས་ཀྱི་སྦྱོར་བ་ཡིནི།། ཇི་བཞིན་དངོས་ལ་མི་འཇུག་པར།། བཅོས་མའི་བསྟན་མ་མངོན་བྱེད་པ།། དོན་དུ་དམིཌ་ནས་འཇུག་བྱེད་པ
iiif viewer powered by OpenSeadragon
9b - 10b