| | e-texts navigator
|
6b1 གང་ལྟར་མ་ཡིན་དེ་ལྟར་ཡིན།། ཅེས་གསོལ་ཏོ།། རིག་པ་ན་མཁའ་ལྟར་གསལ་བའི་རྒྱུད་ལས།། འཛིན་རྟོག་ལེས་སུ་གསལ་བའི་ལེའུ་སྟེ། བརྒྱད་པའོ།།
6b2 དེ་ནས་ཡང་སྤྲུལ་པའི་སྤྲུལ་པ་དེས།། མཚན་གྱི་དོན་ལ་འཇུག་པའི་མན་ངགཱ་འདི་ཉིད་སྟོན་ཅིང་འདི་སྐད་ཅེས་གསོལ་ཏོ།། ཐཱ་དད་བརྟགས་པའི་ཡུལ་མེད་རིག་པ་ཕྱོགས་མེད་གསལ།། དེ་ཉིད་དེ་ལ་འཛིན་མེད་རྒྱུ་མེད
6b3 རྒྱུར་སྣང་གསལ།། དེ་ཕྱིར་དེ་ཉིད་རང་རིག་ཡིན་ཕྱིར་འཛིན་རྟོག་བྲལ།། གང་གིས་དེ་ལ་རྟོགས་མེད་ཕྱིར་དེ་ཡིས་སྟོན།། རྒྱུ་ཡིས་བསྐྱེད་པ་མེད་ཕྱིར་རྐྱེན་གྱིས་བསྒྲུབས་པ་མེད།། དེ་ཕྱིར་དེ་ལ་ན་མཁའ་ལྟ་བུའི་བསམ
6b4 བས་འཇུག། ཕྱོགས་རིག་ཚད་ལས་འདས་ཤིང་མཐའ་ལས་རྟག་ཏུ་གྲོལ།། དེ་ཕྱིར་དེ་ལ་ན་མཁའ་ལྟ་བུའི་བསམ་པ་འཇུག། ཅི་ཡང་མ་ཡིན་མཐའ་དང་དབུས་ལས་གྲོལ་བར་གནས།། དེ་ཕྱིར་དེ་ལ་ན་མཁའ་ལྟ།
6b5 བྱའི་བསམ་པ་འཇུག། མ་རིག་ལོག་རྟོག་སྒྱུ་མ་འདྲ་ཕྱིར་དངོས་པོ་མེད།། དེ་ཕྱིར་དེ་ཉིད་བསམ་མེད་སྒྲིབ་པ་ཡེ་ནས་དག། དེ་ཉིད་བསམ་ལས་འདས་པས་ན་མཁའི་དོན་ལ་སྒོམ།། ནམ་མཁའི་དོན་ཉིད་མི་སྒོམ་སྒོམ
6b6 པའི་ཡུལ་ལས་འདས།། ཞེས་གསོལ་ཏོ།། རིག་པ་ན་མཁའ་ལྟར་གསལ་བའི་རྒྱུད་ལས།། མཚན་གྱི་དོན་ལ་འཇུག་པའི་གདམས་པའི་ལེའུ་སྟེ། དགུ་པའོ།།
iiif viewer powered by OpenSeadragon
6a - 7a