e-texts navigator
Collection
Volume
Page
Wylie

6a1 རྟོགས་པའི་རིམ་པ་བློ་ལ་བསྐྱེད།། དེ་ཕྱིར་བཞི་ནས་མ་གཡོས་པས།། མཐར་ཕྱིན་གཞི་ལ་གཡོས་པ་མེད།། ཅེས་གསོལ་ཏེ།། རིག་པ་ན་མཁའ་ལྟར་གསལ་བའི་རྒྱུད་ལས།། ཐེག་པའི་ཁྱད་པར་ཆེ་བ
6a2 བསྟན་པའི་ལེའུ་སྟེ། བདུན་པའོ།། ། དེ་ནས་ཡང་སྤྲུལ་པའི་སྤྲུལ་པ་དེས།། འདི་སྐད་ཅེས་གསོལ་ཏོ།། བླ་མ་མཁས་པ་རྟག་ཏུ་བརྟེན།། དམ་པའི་དོན་དུ་དེ་ལ་འདུན།། གསལ་བའི
6a3 ཡཾས་གོམས་པར་བྱ།། ཉམས་བླངས་བསམ་པས་གཟུང་བའི་བློ།། ཟད་འགྱུར་མི་རྟོག་གས་ལ་མཐར་ཕྱིན།། འགྱུར་བ་རདྭ་གསལ་གྱི་ན་བདེ།། ལུང་དོན་ལྟ་བས་ཐག་གཙང་བཞིན།། བསམ་མེད་དྲན་པ་མ་ཤོར་ཏེ།
6a4 ལུས་སེམས་ཁོང་བློང་ལྷུག་པར་གནས།། དེ་ཉིད་དོན་ལ་མི་གཡོ་བ།། ཆ་ཤས་བཟེས་པས་དོན་མི་བཟུང་།། མི་བསྐུལ་མི་སྤྲོ་མི་རྟོག་གསལ།། རྡུལ་ཕྲན་རིག་པ་དེ་ཉིད་ཙམ།། སེམས་ཉིད་ལྷག་པ་གླང་ཆེན་འདྲ།།
6a5 རིག་པའི་གྲང་ཆེན་བཅོས་མེད་བཞག། ཉམ་ང་མེད་པས་ཁྱུད་དང་མཚུངས།། སྐྱོད་པ་མེད་པ་རྒྱ་མཚོ་འདྲ།། མཐའ་དང་བྲལ་བས་ན་མཁའ་བཞིན།། དགོས་པ་སྐྲོང་པས་རིན་ཆེན་འདྲ།། བདེ་བ་བསྐྱེད་པས་སྨན་དང
6a6 འདྲ། དེ་འདྲ་འོད་ཟེར་སྟོབས་ཀྱིས་གསལ།། མི་བསྡུ་ཆེད་དུ་ཡིན་པ་མེད།། གོམས་པའི་ཤུགས་ཀྱིས་བྱུང་གྱུར་ན།། འཛིན་པའི་རྟོག་པ་རྗེས་སུ་དྲན།། དེ་འདྲ་དེ་ཡིན་དེ་གསལ་མེད།། དེ་ཉིད་མི་དམིགས་ན་མཁའ་འདྲ།།




iiif viewer powered by OpenSeadragon

5b - 6b

Texts on this page

Gbr003.8 - rig pa nam mkha' ltar gsal ba zhes bya ba'i rgyud