e-texts navigator
Collection
Volume
Page
Wylie

5b1 བླ་མའི་བདུད་རྩི་བཀའི་བཅུད།། སྣོད་ལྡན་དྲང་ཚུལ་བཟང་ལ་བསྟན།། ཅེས་ག་སོལ་ཏོ།། རིག་པ་ན་མཁའ་ཝཱ་ར་གསལ་བའི་རྒྱུད་ལས།། དམ་ཚིག་བསྟན་པའི་ལེའུ་སྟེ། དྲུག་པའོ།།
5b2 དེ་ནས་ཡང་སྤྲུལ་པའི་སྤྲུལ་པ་དེས།། འདི་སྐད་ཅེས་གསོལ་ཏོ།། ཇི་ལྟར་སེམས་ཀྱི་རང་བཞིན་ནི།། ཟླ་བའི་དཀྱིལ་འཁོར་མེ་འཕྲོས་ལྟར།། མ་འདྲེས་གས་ལ་ཕྱིར་དེ་དང་འདྲ།། ཀུན་གྱི་རང་བཞིན་དེ་རུ་ཅིག།
5b3 ཅིག་པས་མ་འཕྲོ་ས་ཐ་དུད་སྣང་།། ཨེ་མ་རང་སྣང་ཡིས་ས།། དེ་ཕྱིར་དེ་ལ་ངོ་མཚར་ཆེ།། རྒྱུ་ཡི་སཱ་མ་སྐྱེད་རང་བཞིན་བྱུང་།། རྐྱེན་གྱིས་མི་བསྐྱེད་ཡེ་ནས་གྲུ་བཱ།། ཅི་ཡང་མ་ཡིན་ཅིར་ཡང་སྣང།། བརྟགས་ན་དངོས
5b4 བཞི་གང་ཡང་མེད།། དེ་ཕྱིར་དེ་ལ་ངོ་མཚར་ཆེ།། ཆོས་རྣམས་མ་ལུས་དེ་རུ་འདས།། འདུས་པ་ཉིད་ན་དེ་ལས་བྱུང་།། ཨེ་མ་ཀུན་ཏུ་བཟང་པོའི་ས།། དེ་ཕྱིར་དེ་ལ་ངོ་མཚར་ཆེ།། ཡཻས་རིག་པ་རང་གསལ་ལ།།
5b5 ཐིག་ལེའི་མཚན་ཉིད་ཡེ་ནས་གྲུབ།། ཆེ་བའི་རྒྱན་གྱིས་རྣ་བར་བརྒྱན།། གཉེན་པོ་མེད་པ་ས་ཡེ་ནས་ཆེ།། སྤང་བྱ་མེད་པས་ཡེ་ནས་གསལ།། ཐཱ་དད་མེད་ཕྱིར་གཉིས་དང་བྲལ།། འདུ་འབྲལ་མེད་པའི་ཡཾ་ས་ནི།།
5b6 མཚན་མའི་དངོས་པོ་ཀུན་ལ་འདས། བློ་ཡི་ཡུལ་དུ་དེ་མ་གྲུག། དེ་ལ་དམིགས་ནས་དེ་དོན་བསྐྱེད།། དེ་ཕྱིར་དེ་ལ་ངོ་མཚར་ཆེ།། དེ་ཉིད་དེ་ཡུལ་མ་ཡིན་ན།། དེ་དོན་ཐབ་དང་བྲལ་བའི་ཕྱིར།། མཚོན་བྱེད་ཐབ་ཀྱི་མན་ངག་བསྟན




iiif viewer powered by OpenSeadragon

5a - 6a

Texts on this page

Gbr003.8 - rig pa nam mkha' ltar gsal ba zhes bya ba'i rgyud