e-texts navigator
Collection
Volume
Page
Wylie

5a1 རྒྱུ་མེད་བསྐྱེད་པའི་ཡིས་མིན།། རྩོལ་བ་མེད་པས་རྒྱུ་དང་བྲལ།། ན་མཁའ་ལྟ་བུའི་ཡིས་ལ།། ན་མཁའ་ལྟ་བུར་ཡེ་ནས་བརྡལ།། ལྷུན་གྱིས་གྲུབ་པའི་འབྲས་བུ་ཡིན།། ཅེས་གསོལ་ཏོ།།
5a2 རླིག་པ་ནམཁའ་ལྟར་གསལ་བའི་རྒྱུད་སྲས།། ལྕེས་ལྔ་བསྟན་པའི་ལེའུ་སྟེ། ལྟ་བྱའོ།། ། དེ་ནས་ཡང་སྤྲུལ་པའི་སྤྲུལ་པ་དེས།། འདི་སྐད་ཅེས་གསོལ་ཏོ།། མ་འོངས་དུས
5a3 ཀྱིས་གང་ཟག་དང་།། རྒྱུད་ཀྱི་དོན་ལ་མི་མཁས་ཤིང་།། ར་མཆོད་གཟུ་ལུམས་བྱེད་པའི་ཕྱིར།། བརྩེ་བས་དོན་འདི་བརྗོད་པར་བྱ།། བཅྡོཾས་མེད་ཡིས་རང་གསལ་ལ།། མི་འགྱུར་འགྱུར་མེད་ཡིས་གུསལ་དྲར
5a4 གནསཿའཇིག་རྟེན་བྱ་བས་སྒྲུབ་མི་བྱེད།། ཀུན་ལ་སྙོམས་པའི་ཐུགས་ཀྱིས་གནས།། འགྲོ་དོན་མཛད་དང་མཉམ་པ་མེད།། ངེས་པའི་ཡིས་མུ་རྙེད་པར།། ཆགས་སྡང་ཞེན་པའི་ལོས་མི་བྱེད།། སེམས་ཉིད
5a5 བླང་དོར་འཛིན་མེད་ཀྱང་།། ལྷག་པའི་སྤྱོད་པ་ཅོ་ཆེར་འཛིན།། དེ་ཉིད་དོན་ལྡན་ལེགས་པ་ཆེ།། སེམས་ཉིད་དག་པ་གདེང་བྱས་ན།། ཐོབ་བསམ་མི་བྱེད་བློ་འཕང་དམའ།། འདུ་བྱེད་ལས་ཀྱི་རྗེ་སུ་འབྲང་།། མཁས་འདོད
5a6 སྲོག་ཏུ་མི་འཛིན་ལ།། རྣ་བ་རྒྱུད་མི་བསྟན་མཁའགྲོ་འདྲ།། སྲོག་ཕྱིར་བརྩལ་ཞིང་ལས་ལས་བྱུང་།། སྐལ་པ་གྲངས་མེད་སྔོན་རོལ་ནས།། སེམས་ཀྱི་དོན་ལ་སྦྱངས་སྦྱངས་པས།། མན་ངག་རྒྱལ་འཐེབ་ཅིག་ལ་བསྡུ




iiif viewer powered by OpenSeadragon

4b - 5b

Texts on this page

Gbr003.8 - rig pa nam mkha' ltar gsal ba zhes bya ba'i rgyud