e-texts navigator
Collection
Volume
Page
Wylie

3a1 ཡང་བསྒྲུབ་པ་མེད།། མཚན་མ་ཆོས་ཀྱིས་མི་ཚོལ་གང་ཡང་བརྩོལ་བ་མེད།། མ་སྐྱེས་སེམས་ཀྱིས་རང་བཞིན་བརྗོད་མེད་གྲོལ།། རང་བཞིན་སྣང་བས་མི་བརྩོལ་མཚོན་དང་བྲལ།། རྒྱུ་འབྲས་རྟེན་དང་བྲལ།
3a2 ཆོས་ཉིད་ལ།། རྒྱུ་དང་འབྲས་བུར་ལྟ་བ་སྒྲོ་འདོགས་ཆོས།། འབྱུང་བ་ལྔ་ལས་མ་བྱུང་བསྐྱེད་པ་ཡིན།། སྐུ་གསུང་ཐུགས་ལ་མི་དམིགས་རྟེན་མི་འཆའ།། རང་བཞིན་གནས་པས་མ་བརྩལ་ཐོག་ཏུ་ཕེ་བོས།། འདྲས་དང
3a3 མ་འོངས་ད་ལྟར་ཐོས་མེད་དགེ། ཆོས་ཀྱི་ཆོས་ཉིད་གསལ་ན་སྣང་བ་མེད།། ལོག་རྟོག་བསམ་མི་ཁྱབ་པས་ཡིས་ཆེ།། བརྟགས་པས་མི་ཡིན་རིག་པ་ཚད་མ་སྟེ།། ཤེས་པ་གསུམ་གྱི་མཚན་ཉིད་མ་འདྲེས་གསལ།། རིག་པ
3a4 ཅིར་ཡང་མ་འགགྲ་ན་མཁའི་མཐའ།། ཉི་མའི་འོད་ལྟར་གསལ་ཞིང་རང་རིག་སྣང་།། གཉིས་སུ་མེད་ཅིང་དབྱེར་མེད་ཅིར་མི་དགོངས།། ལྡོག་རྟོགས་འཁྲུལ་པའི་རང་བཞིན་བྱང་ཆུབ་སེམས།། ཐཾ་ད་ཆོས་ཉིད་རང་གསལ
3a5 སེམས་ཉིད་གསལ།། སྤྱོད་པ་ཐ~ཾད་བྱང་ཆུབ་སེམ་སུ་གནས།། དབྱིངས་དང་ཡེས་ཐཱ་དད་འདུ་འབྲལ་མེད།། མཚན་མའི་གཟུང་འཛིན་མེད་ཅིང་དེའི་ངང་།། ཐབས་ཀྱི་རང་བཞིན་འབྲེལ་པའི་དོན་དུ་གནས།། ཅེས་གསོལ
3a6 ཏོ། རིག་པ་ན་མཁའ་ལྟར་གསལ་བའི་རྒྱུད་ལས།། ལྟ་བ་བསྟན་པའི་ལེའུ་སྟེ། གཉིས་པའོ།། །། དེ་ནས་ཡང་སྤྲུལ་པའི་སྤྲུལ་པ་དེས།། འདི་སྐད་ཅེས་གསོལ་ཏོ།། ཆོས་རྣཾས་ཐཾད་སྐྱེ་མེད




iiif viewer powered by OpenSeadragon

2b - 3b

Texts on this page

Gbr003.8 - rig pa nam mkha' ltar gsal ba zhes bya ba'i rgyud