| | e-texts navigator
|
2b1 རྟོག་པ་བློ་ཡིས་བརྟགས་ན་འཁྲུལ་པའི་ནད།། དེའི་རང་བཞིན་ཅི་ཡང་མ་ཡིན་སྐྱེ་བ་མེད།། སྐྱེ་བ་མེད་པའི་ཚུལ་སྐྱེ་བ་སྣང་།། ཞེས་གསུངསོ།། རིག་པ་ན་མཁའ་ལྟར་གསལ་བའི་རྒྱུད་ལས།། གླེང་བཞིའི་ལེའུ་སྟེ་དང་པོའོ།། །
2b2 དེ་ནས་ཡང་སྤྲུལ་པའི་སྤྲུབ་པ་དེས།། འདི་སྐད་ཅེས་གསོལ་ཏོ།། དངོས་པོ་གསུམ་པོ་དབྱེར་མེད་ཅིང་།། མ་བཅོས་སྐུ་གསུང་ཐུགསུ་གནས།། བདེ་བ་ལ་སོགས་ཉོན་མོངས་ལྔ།། རྒྱུ་མེད
2b3 མ་བྱུང་རང་གསལ་དག། བརྟགས་པའི་འབྲས་བུ་སྒྱུ་མ་འདྲ།། ན་མཁའི་མཐའ་བཞིན་མཉམ་པར་གནས།། ཡེ་ནས་གྲུབ་ཅིང་འགྱུར་བ་མེད།། ཕྱི་ནང་མེད་པས་ཀུན་ལ་ཁྱབ།། ཐད་འདྲ་ཞིང་དེ་ལས་བྱུང་།། སྣང་བའི་དངོས
2b4 པོ་ཐ~ཾང་ཀུན།། བརྩལ་མེད་རང་བྱུང་རྒྱལ་པོར་ཤར།། མཚོན་དུ་མེད་ཅིང་ལྷུན་གྱིས་རྫོགས།། ཀུན་ཏུ་བཟང་པོའི་རང་བཞིན་བླང་དོར་མེད།། ཆོས་ཉིད་བསམ་དུ་མེད་པས་ན་མཁའ་འདྲ།། ཅིར་ཡང་མི་སྒོམ་མཱི་བརྟུལ་དམིགས
2b5 མི་བྱཿམི་སྤྲོ་མི་བསྡུ་གྱི་ན་ལྷུག་པར་གནས།། ཆོས་རྣམས་གཅིག་པའི་སྙིང་པོ་མི་འགྱུར་དོན།། རྒྱུ་ཡིས་མ་སྐྱེད་རྟོགས་པའི་རྒྱུད་དང་བྲལ།། དེའི་རང་བཞིན་དེ་ཡིན་མི་གསལ་ཏེ།། གཉེན་པོ་མེད་ཕྱིར་དེ་ཉིད
2b6 རང་རིག་ཡིན།། མི་གནས་མི་རྟེན་མི་འཆར་ཚུལ་དང་བྲལ།། བརྩོལ་བས་བསྐྱེད་པ་མེད་ཅིང་རང་ལུས་མེད།། སྔོན་དུ་བྱེད་པའི་ཡན་ལག་མེད་འབྲས་བུ་རང་བཞིན་ཡེ་ནས་ལྷུན་གྱིས་གྲུབ།། གདོང་དང་ལྡན་པས་གང
iiif viewer powered by OpenSeadragon
2a - 3a