e-texts navigator
Collection
Volume
Page
Wylie

1b1 ། རྒྱ་གར་སྐད་དུ། ཙི་པས་མོ་གྷ་འོད་དྷ་ཡེ་ན་མོ།། བོད་སྐད་དུ། རིག་པ་ན་མཁའ་ལྟར་གསལ་བ་ཞེས་བྱ་བའི་རྒྱུད་རིག་པ་ཡས་ལ་ཕྱག་འཚལོ།།
1b2 འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཆོས་ཉིད་ནམ་ཁའ་དབྱིངས་ཀྱི་ཀློང་བྷ་ག་སྐྱིལ་བའི་གནས་ན། སྟོན་པ་ཉིད་བཞུགས་ཏེ། ཉིད་ལས་འུབྱུང་བ་དང་། ཉིད་ཀྱི་རྗེས
1b3 འཐུན་པ་དང་། ཉིད་ཀྱི་རྗེ་སུ་སློབ་པའི་འཁོར་འདི་ལྟ་སྟེ། ས་དང་། ཆུ་དང་། མེ་དང་། ཆུང་དང་། ནམ་མཁའ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་། རྣལ་འབྱོར
1b4 བཞི་པོ་དང་། བྱེད་པ་མི་མངའ་བའི་ཐུགས་རྗེས་ཐབས་ཅིག་ཏུ་བཞུགས་སོ།། ། དེ་ནས་ཉིད་ཀྱི་སྤྲུལ་པ་ཉིད་ལས་བྱུང་བའི་འཁོར། རྡོ་རྗེ་སེམས་དཔའ་ཉིད་ལ
1b5 བསྐུལ་ཞིང་འདི་སྐད་ཅེས་གསོལ་ཏོ།། ཐམས་ཅད་མཁྱེན་པ་སྤྱན་གྱི་མཆོག། ཐེ་ཚོམ་ཐཾད་གཅོད་མཛད་པ།། དྲང་བའི་ཐེག་པ་མཐར་ཕྱིན་པས།། ངེས་པའི་ཐེག་པ་མི་གསུང་བ། ཐུགས




iiif viewer powered by OpenSeadragon

1a - 2a

Texts on this page

Gbr003.8 - rig pa nam mkha' ltar gsal ba zhes bya ba'i rgyud