e-texts navigator
Collection
Volume
Page
Wylie

5b1 ཡང་དག་རང་སར་གྲོལ་བའི་དུས་མི་མཆི།། ཀུན་རྟ་ཊ་ལྷའི་སྣང་བ་སྒྱུ་མ་ཙམ།། སྒྱུ་མ་རང་གྲོལ་རང་ཤར་མ་ཤེས་ན།། བདེ་ཆེན་རང་སྣང་དག་པའི་དུས་མི་མཆི།། གསང་བའི་བདག་པོ་ཉོན་ཞིག། འགྱུ་བ་ཕྱོར།
5b2 མེད་ཡི་གེ་འདྲི་བ་ལ།། ཀློག་མཁན་མ་བྱེད་མཁྱེན་པ་སྦྱངས།། རང་སྣང་གདངས་ཤོག་གསལ་བ་ལ།། འགྱུ་བའི་ཡི་གེ་འབུར་དུ་བཀོད་པ་འདྲི།། རྡོ་སེས་དཔའ་ཁྱོད་ཀྱིས་ཀྱང་གཤིག་པར་དཀའོ།། དོན་འགྱུར།
5b3 བ་མེད་པའི་རླུང་སྣང་ལ།། ཤེས་རབ་བརྩལ་གྱིས་བཟོ་བྱས་སྣང་བ་དེ།། ང་ཀུན་ཏུ་བཟང་པོས་རྙེད་པར་དཀའ།། དུས་གསུཾ་འགྱུར་བ་མེད་པའི་ཡིས་དེ།། རང་རིག་བློ་བུར་རྐུན་མས་ཁྱེར་བ་ནརི།། ཕྱ་ཧེ་ལེས་སྤད
5b4 གཏིང་ཡང་མི་རྙེད་དོ།། རྟག་ཏུ་འགྲོ་ཊ་བའི་རང་རིག་དེ།། དཔྲལ་ཆུང་གི་ཆུ་བོའི་ཧྲ་ལ་གཡེ་པ་མ་ཚོར་ན།། རྟག་ཏུ་ལྷ་བསྒོམ་བྱས་ཀྱང་སླུ་ཏེ་མཆིའོ།། རིཊ་ཀྱི་བུ་ཉོན་ཅིག། གོ་བར་དཀའ་བའི་ཚིག་དོན་དེ།། ཟབ་མོའི
5b5 སྨ་རྱ་བརྗོད་པས་བཅས།། ཕྱོགསུ་ལྟུང་ཞིང་རྒྱ་ཡང་ཆད།། དབྲི་བཀོལ་མེད་པའི་ཡིས་ལ།། ལྟ་བསྒོམ་སྤྱོད་པའི་ལྷད་ཀྱིས་བསླད།། ཤེས་བྱ་བ་ཤིས་ཀྱི་འདུག་ཚུལ་ལ།། ཕྱོར་རེ་ཙམ་ལ་རྟེན་བྱས་ནས།། ཡེས
5b6 སྐྱེས་ཟེར་བ་རྒོད་རེ་བྲོ།། སྐྱེས་པ་འགི་རྔ་པས་ཡིས་འདུས་བྱས་ཐལ།། རང་སྣང་ཁྱབ་བརྡལ་ཕྱོར་ལྷུང་མེད་པ་ལ།། ཉམས་མྱོང་ཤར་རོ་ཟེར་བརྒོད་རེ་བྲོ།། ཤར་བ་ནུབ་པས་ཉམས་མྱོང་འདུས་བྱས་ཐལ།། གཉེས




iiif viewer powered by OpenSeadragon

5a - 6a

Texts on this page

Gbr003.5 - bskal ba dum bu 'bar ba sgron ma snang ba'i rgyud