e-texts navigator
Collection
Volume
Page
Wylie

5a1 མེད། ཐུན་དུ་བཅུག་ལ་བསྒོམ་དུ་ཡེ་ནུས་མེད།། འཛིན་པ་མི་འགེགས་ཐུཊ་རྗེ་ཡིན།། ཐུཊ་རྗེ་འགེགས་ན་ཡཻས་རྒྱུན་གཅོད་དེ།། རང་ལ་རྩལ་དུ་རང་བྱུང་འགག་པར་གསུངས།། དབྱེར་མེད
5a2 བསྒྲུབ་དུ་གཉིས་སྣང་ཁ་རུ་འཆོར།། སངས་རྒྱས་ཡིད་སྨོན་བྱེད་ན་ཡེ་ནས་རང་ཆས་བརྫུན།། ཅེས་གསུངསོ།། བསྐལ་པ་དུམ་བུ་འབར་བའི་རྒྱུད་ལས།། འགྲོ་དྲུག་རང་སར་གྲོལ་བའི་ལེའུ་སྟེ། བརྒྱད་པའོ།།
5a3 དེ་ནས་ཡང་བཅོམ་ལྡན་འདས་ཀྱིས།། གསང་པའི་བདག་པོ་ལ་བཀའ་སྩལ་པ། ཀྱེཿགསང་བའི་བདག་པོ་ཉོན་ཞིག། སྣང་བའི་གདམས་པ་བསྟན་གྱིས་ཅེས་གསུངས་སྟེ།། ཉིད་ཀྱིས་བཀྲའ་སྩལ་དུ་གསོལ
5a4 ཅེས་ཞུས་པས། བཀའ་སྩལ་པ། འགྲོ་པ་ར་ཌེ་དྲུག་མུ་སྟེཊ་རྟག་ཆད་དང་།། ཐེག་པ་རིམ་བརྒྱད་དག་ལ་འཇིག་རྟེན་པའོ།། སྣང་བ་བསྡུས་པ་རྣམ་པ་བཞི་ཡིན་ཏེ།། འགྲོ་བ་རི་ཊ་དྲུག་གི་སྣང་བ་ནི།། ཐུཊརྠེ
5a5 སྐུ་གསུཾ་སྤྲུལ་པའི་རང་སྡང་ལ།། ལེག་པར་མཐོང་བས་ངན་འགྲོ་བདེ་འགྲོ་ཡི་སྣང་བ་དྲུག་ཏུ་ཕྱེ་ཡང་རང་སྣང་རྣམ་དག་ཆོས་སྐུ་ཡིནི།། བྱིན་བརླབས་དབྲི་བཀྲོལ་མེད་པར་མ་ཤེས་ན།། འགྲོ་དྲུག་རིང་གྲོལ་འོང་བའི
5a6 དུས་མ་མཆིས།། མུ་སྡེ་ཊ་རྟག་ཆད་ལྟ་བའི་སྣང་བ་དེ།། རང་སྣང་དབྱེར་མེད་མ་ཤ་རིན།། རྟག་ཚོད་སྣང་བ་ལོག་ནས་འཁོར་བ་རེ་འཁྱམ།། ཀུན་རྟ་ཊ་རིམ་དགུའི་སྣང་བ་སོ་སོར་འབྱེད།། བློ་ཆུང་སྣང་བ་ཕྱོཊ་མེད་མ་རྟོན་ན




iiif viewer powered by OpenSeadragon

4b - 5b

Texts on this page

Gbr003.5 - bskal ba dum bu 'bar ba sgron ma snang ba'i rgyud