| | e-texts navigator
|
4a1 བལྟས་པས་གྲོལ།། གླིང་བཞི་མི་རིགས་ཀློང་ལ་ཐིག་ལེར་བརྡལ།། རེ་དོགས་གཟུང་འཛིན་མཚན་མ་མེད།། རྒྱ་ཆང་ཕྱོགསུ་མ་ལྷུང་ལྷུན་གྲུབ་འགག་མེ་ཡིན།། ཡིན་པར་ངས་མ་ཤེས་པས
4a2 རྒྱལ་པོ་རྐང་འཁྱམས་འདྲ།། འདྲ་བ་ངོས་མ་ཟིན་པས་འཁོར་བར་འཁྱས།། སྤྲུལ་སྐུ་ཐུབ་ཕྲད་འདི་ལ་བསྒོམ་དུ་གདོད་ནས་མེད།། ཅེས་གསུངསོ།། བསྐལ་པ་དུམ་བུའི་རྒྱུད་ལས། གླིང་བཞི་མི་རི་ཊ་ཡ
4a3 གོལ་དུ་བསྟན་པའི་ལེའུ་སྟེ། དྲུག་པའོ།། ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཉོན་ཞིག། ཁོང་ཁྲོ་དྲང་ཐད་དྲག་པོའི་འབྲས་བུ་ཡིས།། ལྷ་མ་ཡིན་དང་དཔ་ཊ་བ་སཾ་ལྗོན་པ
4a4 རྣམསཿའཐབ་བརྩོད་བཞིར་གྱུར་པན་རྒྱལ་སྣ་ཚོགས་ཀྱང་།། ཐིག་ལེ་ཆོས་མིན་ཀློང་ནས་བདེ་ལ་ཡངས།། འཐབ་བརྩོད་རང་གྲོལ་ཐིག་ལེ་ཡཾས་གསལ།། ཏིལ་གྱི་གང་བུ་བཞིན་དུ་ཡེ་ནས་པར་མཚམས་མེད།།
4a5 རིག་པ་རང་གྲོལ་མཚན་མའི་བློ་ལས་འདས།། ཡཾས་ཁོང་གསལ་མཚན་མ་རང་སར་གྲོལ།། ཐིག་ལེ་ཕྱི་ནང་མེད་པར་ཡ་མཚན་ཆེ།། སྲོག་གི་སེ་དར་དྲག་པོའི་སྤུ་གྲི་འབར་བ་དེ།། ཙན་ད་ལྡོག་སྤྱོད་ཅན་གྱིས་བདག
4a6 བསོད་གཞན་སྒྲོལ་ལྟར།། འཁོར་བའི་དྲས་ཐག་བཅད་ནས་གཞན་བསྒྲལ་ཏེ།། མཚན་མ་རང་སར་གྲོལ་བས་གཞན་ཡང་བསྒྲལ།། ཅེས་གསུངསོ།། བསྐལ་པ་དུམ་བུའི་རྒྱུད་ལས། ལྷ་མ་ཡིན་ཡེ་ནས་རང་གྲོལ་བའི
iiif viewer powered by OpenSeadragon
3b - 4b