| | e-texts navigator
|
3b1 བཞིན་དུ་མཐའ་དབུས་གྲུབ་པ་མེད།། རྒྱ་ཆད་ཕྱོཊ་སུ་མ་ལྷུང་དོན་ཅིག་མ་རྟོགས་ན།། བློ་ཆུང་ཕྱོགས་རྟོ་རྗེ་མཁན་པོ་དེ།། དམ་པར་ཞེན་ནས་བདུད་དུ་སོང་བར་མཆིའོ།། ཅེས་གསུངསོ།། བསྐལ་པ་དུམ་བུ་འབར་བའི་རྒྱུད
3b2 ལསདྷ་བྱོལ་སོང་རང་དག་གི་ལེའུ་སྟེ། ལྔ་པའོ།། ། ཡང་ཐིག་ལེ་ཆོས་མིན་གྱི་ཀློང་ནས་བཀའ་སྩལ་པ།། གསང་བའི་བདག་པོ་ཉན་ཞིག། ང་རྒྱལ་རང་རྒྱུད་དྲག་པོས་རྒྱུ་བྱས་ནས།། མ་རིག
3b3 གླེང་གཞིར་བཅད་ཀྱིན་ཕྱེ་བ་ཡང་།། བཅོམ་ལྡན་ཐུབ་པའི་སྐུའི་ཐུཊ་རྗེ་དེ།། འགའ་ཙམ་འགྲོངས་སམ་ཐ~ཾད་ཡོངས་མི་འགྲོངས།། འདྲེན་པའི་ཐུབ་པས་འགྲོངས་སུ་དུས་དང་གནས་སྐབས་འགའ།། དུས་ལས་བབ་ཀྱང་རང
3b4 གྲོལ་མ་ཤེས་ན།། གནས་སྐབས་ཙཾ་གྱི་འབྲས་བུས་སངས་མི་རྒྱུ།། འདྲེན་པའི་ཐར་པར་རེ་ན་འབྲས་བུ་འཁོར་བ་མཁྱམས།། རིག་པས་བཙུན་པའི་གདམས་པའི་ཞལ་ཆེམས་ནི།། རྒྱུད་པ་མང་དུ་གདམ་སྲ་ཏེ་གོ་དཀའ་བས
3b5 སྣོད་ངན་ཞབས་རྡོལ་ལ་སོགས་ལ།། རྣ་བར་འགའ་ཙམ་བླུག་པའི་འབྲས་བུ་ཡིས།། ཕྱི་མར་སྤྲུལ་སྐུ་ཐོབ་ནས་སངས་རྒྱས་པ།། ཐབས་ཀྱི་སྤྱོད་པས་བསྟན་ཀྱིན་དཀྲི་བར་བྱ།། ཚོཊ་གཉིས་མ་རྫོགས་སྒྲིབ་གཉིས་མ
3b6 བྱང་ཡང་།། རྡོ་ལྟ་བུའི་ཏིང་འཛིན་ཐོབ་པར་འགྱུར།། རིག་པ་སྐྱང་བསྒོམ་སྣང་བ་སྟོང་མི་བསྒོམ།། དངོས་པོ་སྒོམ་པས་འདུས་བྱས་ཟང་ཀ་མ།། མེད་པ་མི་བསྒོམ་ཡིད་སྨོན་བློ་ཡི་ཆོས།། རང་རྒྱུད་དག་ཏུ་མི་འཆོར་ཡིས
iiif viewer powered by OpenSeadragon
3a - 4a