| | e-texts navigator
|
2b1 བ་རྣམས་རྩཝ་དམྱལ་དཔོན་ཆོས་ཀྱི་རྒྱལ་པོས་སྐྱོབ་བམ་ཅི།། གལ་ཏེ་མི་སྐྱོབ་ཐུབ་པར་ཅི་ལ་གྲགས།། སྐྱོབ་ན་དམྱལ་བའི་འབྲས་བུ་ཚ་གྲང་རྫུན།། མེ་ཉིད་ཆུར་གྲུབ་ཁྲོ་ཆུ་ཞུན་མ་དང་།། ཆུ་ཉིད་མེར་གྱུར་གྲང་བའི་ནུ་རྣཾས།།
2b2 དང་། རླུང་ཉིད་བྲག་གྱུར་རྡོ་རྒྱ་གྲམ་རྣམས།། རང་སྣང་རྐྱེན་གྱིས་བསྒྲི་བོས་པས་དམྱལ་བར་སྣང་།། རང་སྣང་དག་པའི་རྡོ་སས་དཔའ་ལ།། དམྱལ་བའི་མེ་ཆུ་ཞིང་ཁམས་རྣམ་དག་ཡིན།། འཛིན་པ་རྣམ་དག་ཚ
2b3 གྲང་གནས་ནས་དྲང་མ་དགོས།། ཆོས་སྐུ་ཐུཊ་ཕྲད་སྐྱེས་པས་མྱོང་མཐོང་རྣམ་པར་དག། དེས་ན་དེའི་དམྱལ་དཔོན་ཐུབ་པ་ཡིན།། རང་གྲོལ་རང་སྣང་ཤ་རཱ་ནས་ཐུབ་པའི་རྒྱལྔ་པོ་ཡིན།། ཅེས་གསུངས་སོ།།
2b4 བསྐལ་པ་དུམ་བུའི་རྒྱུད་ལས། དམྱལ་པོའི་གནས་ནི་ཐིག་ལེ་ཆོས་མིན་དུ་བསྟན་པའི་ལེའུ་སྟེ། གསུམ་པའོ།། །། ཡང་ཐིག་ལེ་ཆོས་མིན་གྱི་ཀློང་ནས།། གསང་བའི་བདག་པོ་ལ
2b5 བཀའ་སྩལ་པ།། ཀྱཻ། གསུང་བདུག་རྡོ་སྡེ་མུས་དཔའ་ཉོན།། འདོད་ཆགྲ་དྲག་པོ་ལས་ཀྱིས་མཚུས་མེད་སྤྱད།། སེར་སྣས་བཅིངས་ཏེ་མི་དགེ་བཅུ་ཡང་སྤྱད།། སྤྱད་པའི་འབྲས་བུ་ཡི་དན་རྣམ་གསུམ་དུ།།
2b6 མྱོང་བ་རྒྱུ་འཐུན་འབྲས་བུ་སོ་སོར་སྨིན།། ཕྱིའི་བསྒྲིབ་པ་ནང་གི་བསྒྲིབ་པ་དང་།། གཉིས་ཀའི་སྒྲིབ་པ་རབ་ཏུ་གདུངས་པ་ལི།། ཁ་འབར་རྒྱལ་མོས་སྐྱོབ་བམོ་ཅི།། སྐྱོབ་ན་སྒྲིབ་པས་མནར་བ་ག་ལ་སྲིད།། མི་སྐྱོབ
iiif viewer powered by OpenSeadragon
2a - 3a