e-texts navigator
Collection
Volume
Page
Wylie

2a1 རབ་ཏུ་ལེགས་པར་ཡིད་ལ་བཟུང་། ཅེས་གསུངས་སོ།། གླེང་གཞིའི་ལེའུ་སྟེ། དང་པོའོ།། །། དེ་ནས་ཀུན་ཏུ་བཟང་པོ་ཡིས།། གསངང་བདག།
2a2 རྡོ་རྗེ་སེམས་དཔའ་རྣམས།། ཐོག་མཐའ་མེད་པའི་ལྷུན་གྲུབ་ལ།། རྒྱ་ཆད་ཕྱོར་ལྷུང་མེད་པའི་དབྱིངས།། ཀུན་གྱི་མཉམ་ཉིད་ཡིན་པ་ལ།། ལྷུན་གྲུབ་འགག་མེད་རླུང་ཆེན་གྱིས།། སྲིད་པ
2a3 འཕྲུལ་གྱི་མེ་ལོང་མཐོང་།། སྣང་སྲིད་གསལ་བའི་མེ་ལོང་དུ།། ང་ཉིད་མ་ཉམྲ་བཞག་ཕྱག་རྒྱས་བཏབ།། རང་གྲོལ་རང་ཤར་བདག་པོ་ཡིན།། ཕྱོགས་ལྷུང་མེད་པའི་ཤེས་རབ་དང་།། གཉིས་སུ་མེད
2a4 པའི་ཤེས་རབ་དང་།། བདག་འཛིན་མེད་པའི་ཤེས་རབ་ཀྱིས།། རང་གྲོལ་ཉིད་ཀྱི་དགོངས་པོ་ཐོབ།། ཅེས་གསུང་སོ།། བསྐལ་པ་དུམ་བུའི་རྒྱུད་ལས། ཀུན་ཏུ་བཟང་པོ་རང་གྲོལ་གྱི་ལེའུ་སྟེ།
2a5 གཉིས་པའོ།། ། དེ་ནས་ཡང་ཐིག་ལེ་ཆོས་མིན་གྱི་ཀློང་བྱ་བ་རྩལ་དང་བྲལ་བའི་ངང་ནས།། རྡོ་སེམས་དཔའ་ལ་སོགས་པ་ལ་བཀའ་སྩལ་པ། ཀྲྀ་ཀྱཾ་གསང་བའི་བདག་པོ་ཉོན་ཞིག། ཞེ
2a6 སྡང་དྲག་པོའི་ལས་ཀྱི་འབྲས་བུ་ནི།། མཚམས་མེད་ལྔ་སྤྱད་མི་དགེ་བཅུ་སྤྱད་པས།། ཚ་དྲང་བརྒྱད་གཉིས་ཉི་ཚེ་ཉི་འཁོར་ཏེ།། ལས་ཀྱི་འབྲས་བུ་དམྱལ་བའི་ཁ་རྒྱུད་པས།། དམ་ཚིགས་ཉམས་པའི་རྡོ་དམྱལ




iiif viewer powered by OpenSeadragon

1b - 2b

Texts on this page

Gbr003.5 - bskal ba dum bu 'bar ba sgron ma snang ba'i rgyud