| | e-texts navigator
|
1b1 རྒྱ་ག་ར་སྐད་དུ། ཏི་ལ་སི་ཏ་བེ་དུ་དཻའུ་ར་ན་ཏན་ཏྲ་ན་མ། བོད་སྐད་དུ། བསྐལ་པ་དུམ་བུ་འབར་བ་སྒྲོནཱ་མ་སྣང་བའི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་བདེ་བ་རང
1b2 རིག་པའི་རྒྱལ་པོ་ཆོས་ལས་འདས་པའི་སྐུ་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་ཏིང་ངེ་འཛིན་སྒྲོ་ལོ་མ་འབར་བ་ཞེས་བྱ་བ་ལས་བཞེངས་ཏེ། གསང
1b3 བའི་བདག་པོ་རྡོ་རྗེ་སེམས་དཔའ་དང་།། ཐབས་གཅིག་པའི་བྱང་ཆུབ་སེམཱས་དཔའ་རྣམས་ལ་སོགས་པ།། ལག་ན་རྡོ་རྗེ་དེང་། རྡོ་རྗེ་འདུས་པ་དང་། རྡོ་རྗེ་ཀུན་ཏུ་བཟང་པོ་རྣམས་ལ་བཀའ་སྩལ
1b4 པརང་བཞིན་གྱིས་རྣམ་པར་དག་པ་ལྷུན་གྱིས་གྲུབ་པའི་གནས་འདི་ཉིད་ན། བྱ་སྣ་ཚོཊ་སྐད་སྙན་པ་སྣ་ཚོཊ་སྒྲོག་པ། ཉམས་དཔའ་བའི་ཕྱོཊ་འདིར་ངས་བསྐལ་པ་དུམ་བུའི་རྒྱུད་བཤད་པར་བྱའོ།།
1b5 ཅེས་གསུངས་པ་དང་། གསང་བའི་བདག་བོ་ལ་སོགས་པ་རྣས་ཤིན་ཏུ་ཡིད་རང་ཏེ། སྤུས་མོ་གཡས་པའི་ལྷ་ང་ས་ལ་གཙུག་སྟེ་ཕྱག་བཙལ་ནས། ལེ་གསོ་ལ་གསོ་བཅོམ་ལྡན་འདས།། བདག
1b6 ཆགས་མཁའགྲོ་མ་རྣཾས་དང་།། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ།། བདག་ཅགས་གྲོལ་བར་བྱ་བའི་ཕྱིར།། བསྐལ་འདུམ་བུ་བཤད་པར་ཞུ་ཞེས་ཞུས་པས། ངས་གསུངས་པ་ལ་མ་སྐྲག་པར
iiif viewer powered by OpenSeadragon
1a - 2a