e-texts navigator
Collection
Volume
Page
Wylie

9b1 མཁའ་འདྲ་ཡས་ལྷུན་གྱིས་གྲུབ།། སྒྲུབ་མེད་ཆོས་སྐུ་ཆེན་པོ་ལ།། མ་བཅོས་རང་བཞིན་གཟུང་འཛིན་བྲལ།། ཀུན་བཟང་རྒྱལ་བའི་དགོངས་པ་ཉིད།། དབྱིངས་ཀྱི་འབྲས་བུ་བསམ་མི་ཁྱབ།། མི་རྟོར་འབར་བའི་དཀྱིལ་འཁོར་ན།། ཆེ་བའི་སྐུ་གསུམ་མུ
9b2 མཐའ་མེད།། རྒྱུ་མེད་འབྲས་བུ་ཐར་ཐུག་ཡིན།། འབྱུང་འཇུག་མི་མངའ་རང་བཞིན་གནས།། དེ་ཉིད་གྲུབ་པའི་ཐུབ་སུ་ནི།། སྙིང་པོ་རིག་པ་ཉི་ཤར་བས།། མཐའ་ཡིས་མུན་པ་དང་གིས་དག། སྐུ་གསུམ་ལྷམ་གྲུབ་བདེ་བའི་ལམ།། རྩོལ་བའི་འབྲས་བུ
9b3 མཐར་ཕྱུང་ནས།། འཇིག་རྟེན་ཆོས་ལ་དེ་བཞིན་ནོ།། སྤྲད་བྱའི་འབྲས་བུ་ཡིན་པས་ན།། ཁྱོད་ལ་དག་པའི་ཡས་གང་།། དེ་ལྟར་ཡིན་ན་རྟག་པར་འགྱུར།། དོན་བྱེད་ནུས་དང་མི་ནུས་པ།། རིམ་དང་ཅིག་ཆར་དག་གིས་སྟོང་།། འཛིན་པའི་ཆ་ལ་གང
9b4 གནས་ཡང་།། འཁོར་བའི་འབྲས་བུ་ཉིད་དུ་འགྱུར།། འཛིན་མེད་ཧད་པོ་བྱང་ཆད་དེ།། གཉིས་འཛིན་ཤེས་པ་ཡོད་པའི་ཕྱིར།། རྟེན་ཅིང་འབྲེལ་པར་འབྱུང་བས་འགྲུབ།། དེས་ན་པ་བྱུང་རྫོགས་པའི་ལམ།། རྒྱུ་ལ་མི་གནས་རྩོལ་བ་མེད།། འབྲས
9b5 བུ་མཐར་ཕྱིན་རང་རིག་ཉིད།། རང་གནས་ཡིས་གདོད་ནས་དག། རང་གསལ་དགོངས་པའི་ཐུགས་ལ་རྡེག། ཀུན་ཡིས་འོད་དང་གར་བས།། བས་མ་བྲ་ལ་ཡས་རྫོགས་པ་ཡིས།། ཡེས་མ་བཅོས་བྱང་ཆུབ་སེམས།། མི་འགྱུར་ཆོས་ཉིད་དབྱིངས་ཀྱིས།།
9b6 མི་འགག་ཡིས་རིག་པའི་གསུང་།། དབྱེར་མེད་ཡིས་བཟུང་འཇིམ་བྲལ།། འགྱུར་མེད་ཆོས་སྐུ་སེམས་རིག་ན།། ཁམས་གསུམ་སྐུ་གསུམ་ཐུགསུ་གྲུབ།། སྒྲུབ་མེད་རང་བྱུང་གྲུབ་པ་འདི།། མ་བསྒྲུབས་འོད་གསལ་ཤུགས་ཀྱིས་འབྱུང་།།




iiif viewer powered by OpenSeadragon

9a - 10a

Texts on this page

Gbr003.4 - chos thams cad byang chub kyi sems rdzogs pa chen po 'khor ba rtsad nas gcod pa nam mkha' dang mnyam pa ye shes 'od kyi rgyud