e-texts navigator
Collection
Volume
Page
Wylie

8b1 འོད་ཀྱིས་ཤེས་འོད་ཀྱིས་ཤེས་འོད་ཀྱི་རྒྱུད།། མཐའ་ཡིས་མུན་པ་དང་གིས་སངས།། ཞེས་གསུང་སོ།། ཡིས་འོད་ཀྱི་རྒྱུད་ལས་སྒོམ་པའི་ལེའུ་སྟེ། ལྔ་པའོ།། ། དེས་ནས་སེམས་ལྷཀ་ལྷའི་བུས།
8b2 བྱ་རྩལ་བྲལ་བའི་སྤྱོད་པ་ཞུས།། མངོན་རྫོཊ་རྒྱལ་པོས་བཀའ་སྩལ་པ།། ཡངས་པ་ཆེན་པོའི་སྤྱོད་པ་ནི།། ཡིད་ཆེས་བླ་མ་དག་ལ་ཞུས།། རིན་ཆེན་གདམས་ངག་གཏེར་དུ་འཆང་།། ལུང་གི་དགོངས་པའི་དོན་རྟོཊ་ཏེ།། རིག་པ་རང
8b3 གསལ་གཏན་ལ་འབེ་བས།། ནམཁའ་རྡོ་རྗེའི་སྤྱོད་པའོ།། གང་སྤྱོད་དུས་ན་ཡུལ་མི་སྤྱོད།། སྤྱོད་བྱ་བྲལ་བའི་དུས་ན་སྤྱོད།། ལུས་པོ་བ་དེ་ལ་ཟག་པ་མེད།། བཅོས་མའི་གྲོ་གར་ཕྱག་ཏུ་མེད།། དཔེར་ན་སེང་གེ་བརྩལ་རྫོ་ཊ་བཞིན།
8b4 རྣོར་སྤྱོད་པ་དཔེ་དང་བྲལ།། ངག་གི་སྙིང་པོ་བཟླས་བརྗོད་མེད།། མ་བཅོས་རླུང་གི་སྤྱོད་པ་ལོ།། ཞེན་པའི་ངག་སོགས་བྱ་བ་རྩལ་བྲལ།། རྟོ་ཊ་པའི་རླུང་ཆེན་སྤྱོད་པའོ།། སེམས་ཉིད་གདོད་ནས་བྱ་བརྩལ་བྲལ།། བྱ་བརྩལ་དཔལ་རྣལ་མར
8b5 རྡོར་ན་མཁའི་བྱ་ལམ་བཞིན།། ཡོན་ནམཁའི་མཐའ་དང་མཉམ།། ཡིས་སྤྱོད་པའི་རང་བཞིན་ནོ།། རྒྱལ་བའི་དམ་ཚིག་མ་བཅོས་པ།། བསྲང་དུ་མེད་ལ་མེད་པར་བསྲུང་།། སྡོམ་པ་ཚུལ་ཁྲིམས་ཐ~ཾད་རྫོགས།། འཆིང་གྲོལ
8b6 མེད་པའི་ཕོག་རྒྱ་ལ།། འགྱུར་བ་མེད་པའི་རྒྱ་ཡིས་བཏབ།། མཐའ་དབུས་མེད་པོའི་དཀྱིལ་འཁོར་ལ།། ཡཾས་འཕྲོ་འདྲ་མེད་པར་སྤྱོད།། ལྟ་བ་མེད་པའི་ལྟ་བ་ལ།། ལྟ་རུ་མེད་པའི་རྟོགས་པ་སྤོང་།། སྒོམ་དུ་མེད་པའི་དབྱིངས་ཉིད་དུ།།




iiif viewer powered by OpenSeadragon

8a - 9a

Texts on this page

Gbr003.4 - chos thams cad byang chub kyi sems rdzogs pa chen po 'khor ba rtsad nas gcod pa nam mkha' dang mnyam pa ye shes 'od kyi rgyud